སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དེ་འོད་དྲ་ཡོངས་ཁྱབ་ཀྱི་དུས་རབས་སུ་སླེབས།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 06-17


དཔྱད་གཞིའི་པར་རིས།

            ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་གི་སྲོལ་རྒྱུན་སྒྲིག་ཆས་དག་གི་གློག་དྲའི་སྒོ་དངོས་སུ་བརྒྱབ། འདིས་ནི་སི་ཁྲོན་ནུབ་ཕྱོགས་མཐོ་སྒང་གི་ལམ་ཐག་ཆེས་རིང་བ་དང་མཚོ་འཕགས་ཆེས་མཐོ་བའི་སེར་ཤུལ་རྫོང་དེ་གསར་པ་གསར་རྐྱང་གི་འོད་དྲ་ཡོངས་ཁྱབ་ཀྱི་དུས་རབས་སུ་སླེབས་པ་མཚོན་ཡོད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དངོས་སུ་འོད་དྲ་ཡོངས་ཁྱབ་ཀྱི་གྲོང་ཁྱེར་དང་ཁུལ་གྱི་གྲལ་དུ་ཚུད་ཡོད་པའང་མཚོན་ཡོད།   
           སྤྱི་ལོ་2013ལོ་ནས་བཟུང་འགོ་བརྩམས་ཏེ། ཀྲུང་གོའི་གློག་འཕྲིན་གྱི་དཀར་མཛེས་ཡན་ལག་སྤྱི་གཉེར་ཁང་གིས་དུས་རིམ་བཞིའི་ཐོག་ནས་འོད་དྲ་ཡོངས་ཁྱབ་དྲ་བ་འཛུགས་སྐྲུན་བྱས་ཤིང་། ལོ་གཉིས་རིང་ལ་འབད་བརྩོན་བྱས་ནས། རི་མཐོ་ལམ་གཟར་གྱི་རང་བྱུང་གི་ཆ་རྐྱེན་ཤིན་ཏུ་སྡུག་པའི་གནས་ཚུལ་འོག ཁོ་ཚོས་དཀའ་བ་ཁྱད་བསད་ཀྱིས་འབད་བརྩོན་བྱས་འབྲས་སུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འོད་དྲ་ཡོངས་ཁྱབ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་རེད།  90%ཡན་གྱི་ADསྤྱོད་མཁན་སྤོར་འགུལ་དང་100%ཡི་ལས་རིགས་སྤྱོད་མཁན་སྤོར་འགུལ་ལས་ཀ་ལེགས་འགྲུབ་བྱུང་ཡོད། འོད་དྲ་ཡོངས་ཁྱབ་ཀྱིས་ཤེས་རིག་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏང་བ་དང་། དཀར་མཛེས་ཁུལ་གྱི་འཛད་སྤྱོད་ལ་འཐབ་ཇུས་རང་བཞིན་གྱི་དོན་སྙིང་ལྡན་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1