གོ་ལ་ཧྲིལ་བོའི་སྐབས་དོན་ཚགས་པར་ལས་བསྟན་དོན། སྤྱི་ཟླ་6པའི་ཚེས་15ཉིན། ཧྥོ་ལོའོ་ལི་ཏ་ཁུལ་གྱི་ཁུལ་དཔོན་ཅེ་པུའུ་པུའུ་ཧྲི་2016ལོའི་ཨ་རིའི་སྲིད་འཛིན་འདེམ་བསྐོ་ཆེན་མོར་ཞུགས་པ་དང་། འབྲེལ་ཡོད་མི་སྣས་བརྟག་དཔྱད་བྱས་པ་ལྟར་ན། གལ་སྲིད་ཅེ་པུའུ་པུའུ་ཧྲི་ཨ་རིའི་སྲིད་འཛིན་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ཚེ། ཁོང་ནི་ལོ་ངོ་ཉི་ཤུའི་རིང་གི་སྲིད་འཛིན་པུའུ་ཧྲི་གསུམ་པ་དེ་ཡིན་ལ། སྲིད་འཛིན་པུའུ་ཧྲི་སྔོན་མ་གཉིས་ནི་ཁོང་གི་ཨ་ཕ་དང་ཕུ་བོ་གཉིས་ཡིན་པ་རེད། ཐེངས་འདིའི་འདེམ་བསྐོ་ཁྲོད་ཁོང་གི་འགྲན་ཡ་ནི་དམངས་གཙོའི་ཏང་ཤོག་གི་ཞི་ལ་ལི་ཡིན་པ་དང་། མིག་སྔར་འདེམས་ཤོག་གི་བསྡུར་ཚད་ལས་ཤེས་གསལ་ལྟར་ན། ཅེ་པུའུ་པུའུ་ཧྲི་ཅུང་རྗེས་སུ་ལུས་ཡོད་དེ། ཞི་ལ་ལི་ཡི་འདེམས་ཤོག་གི་བསྡུར་ཚད་བརྒྱ་ཆའི་47.6དང་ཅེ་པུའུ་པུའུ་ཧྲིའི་འདེམས་ཤོག་གི་བསྡུར་ཚད་བརྒྱ་ཆའི་42.4ཡིན་པ་རེད།
ཚེས་14ཉིན་གྱི་དགོང་མོར། ཅི་པུའུ་པུའུ་ཧྲི་ཡིས་2016ལོའི་པུའུ་ཧྲི་ཞེས་པའི་བསྒྲགས་གཏམ་སྤེལ་བ་རེད། འདི་ནི་ཁོ་རང་1998ལོར་ཧྥོ་ལོའོ་ལི་ཏ་ཁུལ་གྱི་ཁུལ་དཔོན་གྱི་འདེམ་བསྐོའི་ཞུགས་སྐབས་སུ་སྤེལ་བའི་བསྒྲགས་བཏམ་དང་ཁྱད་པར་མེད་པར་པུའུ་ཧྲི་ཞེས་པའི་ཚིག་འབྲུ་གཉིས་འབུར་དུ་བཏོན་པ་རེད།