ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་བ།

མཁའ་མཚོ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 09-11


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་སྤྱི་ཟླ་9པའི་ཚེས་9ཉིན་ནས་ཚེས་10ཉིན་བར་པེ་ཅིན་དུ་འཚོགས།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་། སྤྱི་ཟླ་9པའི་ཚེས་10ཉིན་ནི་རང་རྒྱལ་གྱི་དགེ་རྒན་དུས་ཆེན་སྐབས་བཞི་བཅུ་པ་ཡིན་ལ། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་བྱེད་པ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པར་མ་ཟད། ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ཁོ་ཚོར་འཚམས་འདྲི་ཞུས།  ཁོང་གིས་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱ་རྒྱུ་ནི། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན། དགེ་རྒན་གྱི་ཆབ་སྲིད་ཀྱི་གོ་གནས་དང་སྤྱི་ཚོགས་ཀྱི་གོ་གནས། ལས་རིགས་ཀྱི་གོ་གནས་བཅས་སྔར་ལས་ཇེ་མཐོར་གཏོང་རྒྱུ་དང་། དགེ་རྒན་གྱི་ལྟ་སྐྱོང་དང་ཐོབ་ཐང་འགན་སྲུང་ལ་ཤུགས་སྣོན་པ། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་སློབ་ཁྲིད་ལོ་ཡུན་གྱི་ཕོགས་སྣོན་ཚད་གཞི་ཇེ་མཐོར་གཏོང་བ། གྲོང་གསེབ་ཀྱི་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་དང་སྔར་ལས་འཐུས་ཚང་དུ་གཏོང་བ། མཐོ་རིམ་སློབ་ཆེན་གྱི་ཟླ་ཕོགས་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ལ། དགེ་རྒན་གྱི་ལས་རིགས་ལ་རྒྱ་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུ་དང་། དགེ་རྒན་གྱི་སློབ་གསོ་དང་སློབ་ཁྲིད་ལས་བརྒལ་བའི་ལས་འགན་གྱི་ཁུར་པོ་སྔར་ལས་ཇེ་ཡང་དུ་གཏོང་བ། དགེ་རྒན་གྱི་གཟི་བརྗིད་དང་ལས་ཁྱུར་ངལ་གསོའི་ལས་དོན་ལེགས་པར་བསྒྲུབ་དགོས་ཤིང་། ཕུལ་བྱུང་དགེ་རྒན་ལ་གཟེངས་བསྟོད་དང་དྲིལ་སྒྲོག་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། དགེ་རྒན་ལ་བླ་ན་མེད་པའི་སྤྱི་ཚོགས་ཀྱི་སྙན་གྲགས་ལྡན་པར་བྱ་རྒྱུ་དང་། སྤྱི་ཚོགས་ཀྱིས་བརྩི་བཀུར་ཆེན་པོ་བྱེད་པའི་ལས་རིགས་ཤིག་ཏུ་འགྱུར་བར་བྱེད་དགོས་ཞེས་ནན་གྱིས་བསྟན། །


རྩོམ་ཡིག་སྔོན་མ།
༄༅།།སྙན་རྩོམ།
རྩོམ་ཡིག་རྗེས་མ།
༄༅།།འབྲོག་པའི་གཉེན་སྒྲིག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1