ཁྲེང་ཏུའུ་ནས་ཟླ་མཆོད་དུས་ཆེན་བསུ་བའི་བྱེད་སྒོ་འདི་འདྲ་ཞིག་སྤེལ་ཡོད།

གསར་འགོད་པ། ཀྲང་ཅང་ཝུན། མཱ་ཝེ་ཏུང་། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཁམས་པའི་བརྙན་འཕྲིན། སྤེལ་དུས། 09-18


ཟླ་མཆོད་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། འདུས་ཁུལ་ནང་གི་མི་རིགས་ཁག་གི་གྲོང་མིའི་དབར་གྱི་སྤེལ་རེས་དང་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བ་བཅས་ཀྱི་་ཆེད་དུ། སྤྱི་ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན། མི་རིགས་སོ་སོ་ཁྱིམ་ཚང་གཅིག །ཟླ་མཆོད་དུས་ཆེན་མཉམ་དུ་བསུ་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་འཁྲབ་སྟོན་དེ་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཚུའུ་ཆའོ་སློབ་ཆུང་དུ་སྤེལ་བ་རེད།

ཐེངས་འདིའི་བྱེད་སྒོ་ནི་ཁྲེང་ཏུའ་གྲོང་ཁྱེར་ཝུའུ་ཧོའུ་ཆུས་ཨུ་ལྷན་གྱི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཚུའུ་ཆའོ་སྲང་ལམ་གྱི་ཏང་གི་བཟོ་ཚོགས་ཨུ་ལྷན། ཁྲེང་ཏུའུ་རུ་བཅའ་སྡོད་བྱེད་པའི་བོད་ལྗོངས་དོན་གཅོད་ཁྲུའུ་ཡི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་དོན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཁྲེང་ཏུའུ་ཞིང་ཁྲེང་འདུས་ཁུལ་དང་། ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཅང་ཆུས་ཀྱི་ཚའེ་ལིན་རིག་གནས་སྒྱུ་རྩལ་ཞབས་ཞུའི་ལྟེ་གནས་གཉིས་ཀྱིས་འགན་སྒྲུབ་བྱས་ཤིང་འབྲེལ་ཡོད་འགོ་ཁྲིད་རྣམས་ཐེངས་འདིའི་བྱེད་སྒོར་ཞུགས་ཡོད།

བྱེད་སྒོའི་ནང་ཁྲེང་ཏུའུ་རུ་བཅའ་སྡོད་བྱེད་པའི་བོད་ལྗོངས་དོན་གཅོད་ཁྲུའུ་ཡི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་དོན་ཁང་གི་ཆབ་མདོ་ས་ཁུལ་གྱི་ཁྲེང་ཏུའུ་རུ་བཅའ་སྡོད་བྱས་པའི་ཚུའུ་ཆའོ་ཡི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་དང་པོ་དང་། ཁོངས་གཏོགས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཆེད་དུ་གདན་འདྲེན་བྱས་ཤིང་། ཁོངས་གཏོགས་ཁུལ་གྱི་གྲོང་མི་བདུན་བརྒྱ་ལྷག་ཙམ་བྱེད་སྒོའི་ནང་ཞུགས་ཡོད།

བྱེད་སྒོ་དེ་རིག་རྩལ་འཁྲབ་སྟོན་དང་། སྤྱི་ཕན་ཞབས་ཞུ། ཟས་ཞིམ་ཀྱི་བྲོ་བར་མྱོང་བ། ཟླ་མཆོད་དུས་ཆེན་གྱི་གབ་ཚིག་འདྲི་བ། མི་རིགས་ཀྱི་གྱོན་ཆས་རིག་གནས་འགྲེམས་སྟོན། རོལ་རྩེད་མཉམ་རོལ་བྱེད་པ། མི་བརྒྱ་ཡིས་མཉམ་དུ་སྐོར་བྲོ་འཁྲབ་པ་སོགས་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པར་བརྟེན་ནས་མི་རིགས་ཁག་གི་རིག་གནས་ཀྱི་མཚར་སྡུག་ཕྱི་ལ་ངོམ་པ་དང་།  གྲོང་མིའི་བར་གྱི་མཛའ་བརྩེའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1