9.18མ་བརྗེད། ལྗར་དམག་བཙན་འཛུལ་པའི་སྡིག་ཉེས།

མིག་དམར་རྒྱ་མཚོས་བསྒྱུར། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 09-18


དེ་ཡང་། སྤྱི་ལོ་1931ལོའི་དེ་རིང་སྟེ། དགུ་པའི་བཅོ་བརྒྱད་ཉིན་གྱི་དོན་འགྱུར་ལངས་ཡོད།  དུས་དེ་ནས་བཟུང་། གཏུམ་སྤྱོད་ཆེ་བའི་ལྗར་པན་དམག་རྒྱལ་རིང་ལུགས་ཀྱིས་མི་ཆོས་ལས་འདས་པའི་བཙན་འཛུལ་བྱ་སྤྱོད་སྤེལ་བ་དང་། མི་རྣམས་ཁོང་ཁྲོའི་མེ་ལྕེ་འབར་བའི་དམར་གསོད་བཏང་བ། སྨྱོ་ཧམ་ཆེ་བའི་འཕྲོག་བཅོམ་གཏོར་བརླག་གཏོང་བ་བཅས་བྱས་ཏེ་ནམ་མཁར་མི་ཤོང་བའི་སྡིག་ཉེས་བསགས་ཡོད། རྫུན་གཏམ་གྱིས་ལོ་རྒྱུས་ལ་འགྱུར་ལྡོག་གཏོང་མི་ཐུབ་ལ། རི་ལྟར་སྤུངས་པའི་ཉེས་བསགས་དཔང་རྟགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱེད་མཁན་ལྗར་དམག་གི་གཏུམ་སྤྱོད་དག་སྔ་ས་ནས་ལོ་རྒྱུས་ཀྱི་ངོ་ཚའི་ཤོག་ངོས་སྟེང་གསལ་པོར་འཁོད་ཡོད། སྔོན་མའི་གནས་ཚུལ་གསལ་རྗེན་ཡིན་པས་རྗེས་རབས་པ་ཚོས་དོགས་ཟོན་བྱོས། དགུ་པའི་བཅོ་བརྒྱད་ཀྱི་གནས་ཚུལ་མ་བརྗེད་པར་རང་ཉིད་སྟོབས་ཆེར་གཏོང་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1