༄༅།།རྒྱལ་རྩེའི་སྣམ་བུ་འཐག་བཟོའི་ལག་རྩལ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ལས་དྲངས། སྤེལ་དུས། 09-19


འདི་ནི་རྒྱལ་རྩེའི་སྣམ་བུ་འཐག་མཁན་མས་ཞིང་ནང་དུ་སྣམ་བུ་འཐག་བཞིན་པ།

ཟླ་9ཚེས་8ཉིན་རྒྱལ་རྩེ་རྫོང་ལྕང་ར་ཤང་དཔལ་འབྱོར་ལྷུན་པོ་གྲོང་ཚོར་གངས་ལྗོངས་མཉམ་སྒྲོག་རོལ་དབྱངས་བརྗོད་དོན་གཙོ་བོར་བྱས་པའི་2024སྟོན་དུས་དང་དགུན་དུས་ཀྱི་རྒྱལ་རྩེའི་སྣམ་ཆས་དར་སྲོལ་ཤོམ་ཞིག་གཉེར་ནས། ལག་ཤེས་མཁས་ཅན་གྱི་བློ་གྲོས་ཀྱི་ཉིང་བཅུད་འགྲེམས་སྟོན་བྱེད་པའི་རྒྱན་གོས་ཤོམ་འགྲོས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད། དེ་ནི་རྒྱལ་རྩེའི་སྣམ་བུའི་ཐོན་རྫས་གསར་པའི་ཡོངས་བསྒྲགས་ཚོགས་འདུ་ཞིག་རེད་ལ་ཧྲང་ཧའེ་ཡི་ཐོན་ལས་བོད་སྐྱོར་གྱི་འཕེལ་རིམ་གསར་པའི་གྲུབ་འབྲས་ཀྱི་འགྲེམས་སྟོན་ཞིག་ཀྱང་རེད། 2023ལོའི་ཟླ་་པར་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ཁག་བཅུ་པའི་རྒྱལ་རྩེའི་ཚོགས་ཆུང་གིས་ཧྲང་ཧའེ་ཧྲ་ཅོན་མཆོར་གོས་ཚན་རྩལ་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ཏེ་སྣམ་བུའི་འཁེལ་འཐག་ཐོན་ལས་ལ་རོགས་སྐྱོར་མཉམ་ལས་བྱས་ནས་་ཧྲ་ཅོན་གྱི་ལོ་བཅུའི་སྣམ་བུའི་བསྐྱར་དར་འཆར་གཞི་བཟོས་ཏེ་སྣམ་བུའི་ཐོན་ལས་རོགས་སྐྱོར་མཉམ་ལས་ཀྱི་ལས་ལ་གཞོལ་འགོ་ཚུགས།

འདི་ནི་ད་ལོའི་སྣམ་བུའི་དར་སྲོལ་ཤོམ་གྱི་ཁྱད་ཆོས་ཆེན་པོ་གཅིག་རེད།

   འདུ་ཤེས་ལ་འགྱུར་ལྡོག་བཏང་ན་བསམ་རྒྱ་དེ་བས་ཆེ་རུ་འགྲོ སྣམ་བུ་འཐག་མཁན་སྐལ་བཟང་གི་ཤུགས་རྐྱེན་འོག་ལག་ཤེས་བཟོ་པ་50ཧྲང་ཧའེ་ཧྲ་ཅོན་ཞིབ་སྤེལ་ལྟེ་གནས་སུ་གསོ་སྦྱོང་ལ་བསྐྱོད་དེ་བུད་མེད་བརྒྱ་ཙམ་ལས་ཞུགས་ཐུབ་ཡོད། གསོ་སྦྱོང་བྱས་རྗེས་བུད་མེད་མི་རེར་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར་4800ཟིན་ནས་བཟོ་ཁང་གི་ཕན་འབྲས་དང་བཟོ་པའི་ཡོང་འབབ་ཆེས་ཆེར་འཕར་ཡོད།དར་སྲོལ་ཤོམ་ཐོག 

ལག་རྩལ་གསར་པར་བརྟེན་ནས་བཏགས་པའི་སྟོད་ལྷེ་དང་། ཁ་དཀྲིས། སྟོད་གོས། སྨད་གཡོགས་སོགས་ཐོན་རྫས་གསར་པའི་ཉམས་འགྱུར་ཅི་དགར་མངོན་ཡོད། དེ་དག་ནི་རྒྱུན་འཛིན་གསར་གཏོད་བྱས་པའི་སྣམ་བུའི་ཐོན་རྫས་གསར་རྐྱང་ཡིན་པས་ཞིབ་ཕྲ་མ་བལྟས་ཚེ་དེ་ནི་བོད་རིགས་ཀྱི་སྲོལ་རྒྱུན་འཁེལ་འཐག་གི་སྣམ་བུ་ཡིན་པ་ཤེས་དཀའ།   སྣ་ཁ་རྐྱང་པ་དང་། མ་གནས་མཐོ་བ། འཚོང་ལམ་ཉུང་བ། 

ཐོན་འབབ་དམའ་བ་ལ་སོགས་ཁྲོམ་རའི་དཔལ་འབྱོར་བྱ་འཕུར་བ་ལྟར་འཕེལ་རྒྱས་དང་དར་བཟོ་ཆེ་བའི་ཐོན་ལས་ཡང་ཡང་གསར་བརྗེ་བྱེད་པ་དང་སྦྲགས་རྒྱལ་རྩེའི་སྣམ་བུ་འཕེལ་རྒྱས་འགྲོ་བར་འགྲན་སློང་ཆེན་པོ་འཕྲད་ཡོད།གསར་གཏོད་རང་བཞིན་གྱི་སྒོ་ནས་རྒྱལ་རྩེའི་སྣམ་བུའི་འཁེལ་འཐག་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཆེད་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ཁག་བཅུ་པའི་རྒྱལ་རྩེ་ཚོགས་ཆུང་གི་རྒྱབ་སྐྱོར་འོག་རྒྱལ་རྩེ་རྫོང་དང་ཧྲང་ཧའེ་ཧྲ་ཅོན་མཆོར་གོས་ཚན་རྩལ་ཚད་ཡོད་ཀུང་སིས་མཉམ་ལས་དམ་ཟབ་བྱས་ཏེ་མདུན་ལ་ཚོང་ཁང་དང་རྒྱབ་ཏུ་བཟོ་ཁང་ཡོད་པའི་ཆེད་ལས་ཅན་དང་།  ཞིབ་ཚགས་ཅན།་ཁྱད་ལྡན་ཅན་བཅས་ཀྱི་ཐོན་ཚོང་དཔེ་དབྱིབས་གསར་གཏོད་བྱས་ནས“ཨ་ཅག་སྐལ་བཟང་བཟོ་ཁང”བཙུགས་ཏེ་དེང་དུས་ཀྱི་སྣམ་བུ་ཞིབ་སྤེལ་ལྟེ་གནས་དང་པོ་དེ་བཙུགས་ཐོག་ཧྲང་ཧའེ་ཧྲ་ཅོན་ཚན་རྩལ་ཚད་ཡོད་ཀུང་སིའི་ཁྲོམ་རའི་ལས་སྟེགས་ལ་བརྟེན་ནས་གསར་གཏོད་རང་བཞིན་གྱི་སྒོ་ནས་སྲོལ་རྒྱུན་བཟོ་རྩལ་ལེགས་བཅོས་དང་རིག་གནས་བསམ་བཀོད་ཀྱི་ཟུར་བསྣན་རིན་ཐང་མཐོ་རུ་བཏང་བས་རྒྱལ་སྤྱི་རྒྱལ་ནང་གི་རྩེར་སོན་ཁྲོམ་རར་དགའ་བསུ་ཆེན་པོ་ཐོབ་ཡོད།མིག་སྔར་རྒྱལ་རྩེའི་སྣམ་བུའི་རིགས་འབྲེལ་ཐོན་རྫས་ཧྲང་ཧའེ་ཧྲ་ཅོན་གྱི་དྲ་ཐོག་དང་དྲ་ཕྱིའི་མཆོར་གོས་ཚོང་ཁང་30ལྷག་ཙམ་དུ་བཏོན་པ་དང་འབྲེལ་ཕ་རི་སིའི་ལུའུ་དབྱི་ཝེ་ཏེང་ཁོངས་གཏོགས་ཀྱི་སྤུས་རྟགས་ཚོང་ཁང་དུ་ལེགས་གྲུབ་ལྡན་པའི་ངང་བཏོན་ཡོད།གལ་ཏེ་རླུང་བུའི་འགྲོས་དང་བསྟུན་ནས་མགོ་ལྕོག་ལྡེམ་ལྡེམ་བྱེད་པའི་གསེར་མདོག་གི་སྙེ་མ་ནི་རྒྱལ་རྩེའི་གྲགས་ཅན་མིང་བྱང་ཞིག་ཡིན་ཞེས་བརྗོད་ཚེ། གངས་ལྗོངས་ས་མཐོ་ནས་རྒྱལ་སྤྱིའི་རྒྱས་སྤྲོས་སྤུས་རྟགས་ཀྱི་ཁྲོད་དུ་བཏོན་པའི་རྒྱལ་རྩེའི་སྣམ་ཆས་ནི་མིང་བྱང་གསར་པ་ཞིག་ཡིན་པ་སྨོས་མེད་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1