ཉེ་ཆར། གསར་འགོད་པས་རྒྱུས་ལོན་བྱུང་གསལ། ཕྱུགས་རིགས་བཙོང་ཚད་ཇེ་མང་དང་འབྲོག་པའི་ཡོང་འབབ་འཕར་སྣོན། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་བཅས་ལ་སྐུལ་འདེད་གཏོང་ཆེད། ཐང་སྐོར་གྲོང་རྡལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལག་ལེན་དང་ཕྱིར་ཚོང་གི་དུས་ཚོད་དམ་འཛིན་བྱས་ཏེ། འགན་འཁྲི་ལེགས་འཁུར་གྱིས་ཕྱུགས་རིགས་ཕྱིར་ཚོང་གི་ལས་དོན་ལ་སྐུལ་འདེད་བཏང་། སྦྱོར་བ་དངོས་ནས་ལས་དོན་སྔོན་ལ་སྒྲུབ་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཐང་སྐོར་གྱི་འགན་འཁྲི་ལེགས་པར་མཚོན།
ཚད་མཐོའི་མཐོང་ཆེན་བྱས་ནས་འཆར་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ། གྲོང་རྡལ་གྱི་ཏང་ཨུས་ཕྱུགས་རིགས་ཕྱིར་ཚོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ནས་སྔོན་ལ་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ། སྔ་རྗེས་སུ་ཆེད་དོན་ཚོགས་འདུ་ཐེངས་3འཚོགས་ནས་ཕྱུགས་རིགས་ཕྱིར་ཚོང་གི་ལམ་བུ་ཡག་པོར་ཞིབ་འཇུག་དང་གྲོས་བསྡུར་བྱས། གྲོང་རྡལ་གྱི་འགོ་ཁྲིད་ཀྱིས་རུ་སྣེ་ཁྲིད་ནས་གྲོང་སྡེ་ཁག་ཏུ་བསྐྱོད་དེ། ཕྱུགས་རིགས་ཕྱིར་ཚང་གི་གནས་ཚུལ་ལ་རྒྱུས་ལོན་དང་གནད་དོན་དུས་ལྟར་ཐག་གཅོད་བྱས། དེ་དང་ཆབས་ཅིག་གྲོང་སྡེ་ཁག་གིས“གཟའ་འཁོར་བཀོད་སྒྲིག”གི་ལས་ཀའི་ལམ་སྲོལ་བཙུགས་ནས། གྲོང་སྡེ་ཁག་གི་ཕྱིར་ཚོང་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ། འགན་འཁྲི་གཙང་འཁུར་གྱིས་གྲོང་རྡལ་དང་གྲོང་སྡེ་མཉམ་འབྲེལ་སྒོས་འགན་འཁྲི་མཉམ་འཁུར་དང་ཐུན་མོང་དོ་དམ། འབྲོག་པ་མང་ཚོགས་ལས་སྒོ་འདིར་ཞུགས་པའི་རྣམ་པ་བཟང་པོ་ཞིག་བཏོད།
འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱིར་ཚོང་ལས་དོན་སྔོན་ལ་སྒྲུབ་པ། གྲོང་རྡལ་གྱི་ཏང་ཨུའི་ཀྲི་པུའུ་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཕྱུགས་རིགས་ཕྱིར་ཚོང་ལས་དོན་ཡག་པོ་སྒྲུབ། ཁོངས་གཏོགས་ས་ཁུལ་གྱི་ཕྱུགས་རིགས་རིམས་ནད་སྔོན་འགོག་ས་ཚིགས་ཀྱིས“2+2”ཀྱི་ལས་ཀའི་ལམ་སྲོལ་ལྟར་ཕྱིར་ཚོང་བྱས་པའི་ཕྱུགས་རིགས་ལ་རིམས་ནད་ཞིབ་བཤེར་གྱི་ལག་ཁྱེར་དུས་ཐོག་ཏུ་སྤྲད་དེ། ཕྱུགས་རིགས་ཕྱིར་ཚོང་ལ་འགན་ལེན་བྱས། ནུས་ཤུགས་ཡོད་རྒུས“ཕྱུགས་རིགས་ཇེ་ཉུང་བཏང་ཡང་ཡོང་འབབ་ཇེ་ཉུང་དུ་མི་གཏོང་བ”དང་“ཕྱུགས་བཀག་རྩྭ་གསོའི”དམིགས་ཚད་མངོན་འགྱུར་བྱ་དགོས། མིག་སྔའི་བར། ཐང་སྐོར་ས་ཁུལ་དུ་ཕྱིར་ཚོང་ཕྱུགས་རིགས་ཁྱོན་9012ལ་རིམས་ནད་བརྟག་ཞིབ་བྱས། ནོར་གནག་8163དང་། ལུག་818། རྟ་31ཡོད། ཐང་སྐོར་གྲོང་རྡལ་གྱིས་ནོར་གནག་6774དང་རྟ་11ཕྱིར་ཚོང་བྱས།
དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ། གྲོང་སྡེ་ཁག་གི་ལས་དོན་ཚན་ཆུང་དང་གྲོང་སྡེའི་ཨུ་གཉིས་ལས་དོན་མི་སྣ་དུད་ཚང་ཁག་དུ་བསྐྱོད་དེ། ཚན་རིག་དང་མཐུན་པའི་གསོ་ཚགས་དང་སྐྱེ་ཁམས་སྲུང་སྐྱོང་གི་སྲིད་ཇུས་དྲིལ་བསྒྲགས་བྱས། ཁྱོན་དུད་ཚང་234ལ་བསྐྱོད་ནས་སྒྲོག་དེབ་684བཀྲམ། མང་ཚོགས་ལ་ཕྱུགས་རིགས་བཙོང་ཚད་ཇེ་མང་དུ་གཏོང་བར་སྐུལ་སློང་བྱས། མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ལ་བསྒྱུར་བར་སྐུལ་ཁྲིད་བྱས་ཏེ། མི་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་གལ་ཆེའི་དོན་སྙིང་བློ་ལ་གསལ་པོ་ངེས་པར་བྱས། རྩྭ་རའི་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱས་ནས། རྩྭ་རའི་གནོན་ཤུགས་ཇེ་ཆུང་དུ་བཏང་སྟེ་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་་ཁོར་ཡུག་ལ་སྲུང་སྐྱོང་བྱས། །