མའོ་ཀའོ་བྲག་ཕུག་ལ་སྟོང་སྐུའི་བྲག་ཕུག་ཟེར་ཞིང་།དེ་ནི་ཀན་སུའུ་ཞིང་ཆེན་གྱི་བྱང་མཐའི་ལི་ཡུལ་དང་འབྲེལ་མཚམས་ཀྱི་ཏུན་ཧོང་རྫོང་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ་ཉེར་ལྔ་ཙམ་སོང་ན་མའོ་ཀའོ་ཁུའུ་འམ་ལྷ་སྐུ་སྟོང་གི་བྲག་ཕུག་ཟེར་བ་ཞིག་ཡོད།ཡོངས་གྲགས་སུ་ལོ་ངོ་ཕལ་ཆེར་སྟོང་ཉིས་ལྷག་གི་ལོ་རྒྱུས་ཡོད་ལ། དེ་ནི་གནའ་དུས་སུ་རང་རེ་དང་ཕྱི་གླིང་བར་གྱི་འགྲིམ་འགྲུལ་རྒྱལ་རྒྱུ་ལམ་འགངས་ཆེན་ཞིག་དང་།རྒྱལ་ཁབ་སོ་སོའི་ཚོང་པ། ལག་ཤེས་བཟོ་པ། རབ་བྱུང་བཙུན་པ་རྣམས་ཡུལ་འདི་ལ་འཛོམས་ཏེ། བར་སྐབས་ཤིག་གི་རིང་ལ་རིག་གནས་དང་ཆོས་ལུགས་བརྗེ་རེས་ཀྱི་ལྟེ་བ་ལྟ་བུ་ཞིག་ཏུ་གྱུར་མྱོང་བ་ཞིག་རེད། ད་ལྟ་རྒྱལ་རབས་རིམ་བྱུང་གི་སྒར་བརྒྱབ་ཡོད་པའི་བྲག་ཕུག་ཁྱོན་བསྡོམས735ཡོད་པ་དང་། མཐོ་ཚད་ལ་སྨི15ནས30ཡོད་པའི་བྲག་ངོས་སུ་ཁྱབ་ཡོད་པ་དང་།གོང་འོག་ཏུ་རིམ་པ1ནས4བར་མི་འདྲ་བ་ཡོད། ལྡེབས་རིས་སྨི་གྲུ་བཞི་མ་ཁྲི4.5ལྷག་དང་། འདམ་རྫས་ཀྱི་འཇིམ་བརྙན2415བཅས་ཡོད་པ་དེ་ནི་འཛམ་གླིང་ཐོག་ད་ཡོད་ཀྱི་གཞི་ཁྱོན་ཆེ་ཤོས་དང་ནང་དོན་ཕུན་སུམ་ཚོགས་ཤོས་ཀྱི་ནང་བསྟན་སྒྱུ་རྩལ་གྱི་ས་ཆ་ཞིག་ཡིན།
རྒྱལ་རབས་སོ་སོའི་ལྡེབས་རིས་དང་ཚོན་ལྡན་འཇིམ་བརྐོས་ཀྱི་བྲག་ཕུག492ཡོད་པ་དང་།ཕལ་ཆེར་དུས་སྐབས་ལྔ་ལ་དབྱེ་ཆོག་པ་སྟེ། རྒྱལ་རབས་བྱང་མ་དང་།སུའེ་ཐང་། རྒྱལ་རབས་ལྔ།སུང་།མི་ཉག་དང་ཡོན་བཅས་ཡིན།
རྒྱལ་རབས་བྱང་མའི་དུས་སྐབས་སུ་བརྐོས་པའི་བྲག་ཕུག་ཁྱོན་བསྡོམས36ཡོད་པ་དང་། དེའི་ནང་ལོ་རབས་ཆེས་སྔ་བའི་བྲག་ཕུག་ཨང268པ་དང་། བྲག་ཕུག་ཨང272པ། བྲག་ཕུག་ཨང275པ་བཅས་ནི་བྱང་ལིང་དུས་སྐབས་སུ་བསྐྲུན་པ་ཡིན། སུའེ་ཐང་ནི་མའོ་ཀའོ་བྲག་ཕུག་འཕེལ་རྒྱས་བྱུང་བའི་དུས་སྐབས་ཡིན་པ་དང་། ད་ཡོད་བྲག་ཕུག300ལྷག་ཡོད།
རྒྱལ་རབས་ལྔ་པ་དང་སུང་རྒྱལ་རབས་སྐབས་ཀྱི་བྲག་ཕུག་ད་ལྟ100ལྷག་ཡོད་པ་དང་།མང་ཆེ་བ་བསྐྱར་སྐྲུན་དང་བསྐྱར་འབྲི་བྱས་པའི་བྲག་ཕུག་ཡིན་ལ།དབྱིབས་གཙོ་བོ་ནི་ནང་བསྟན་བྲག་ཕུག་དང་ལྷ་ཁང་ཡིན།
མའོ་ཀའོ་བྲག་ཕུག་ལ་ད་ལྟ་མི་ཉག་དང་ཡོན་རྒྱལ་རབས་ཀྱི་བྲག་ཕུག85ཡོད་པ་དེའི་ནང་མི་ཉག་བྲག་ཕུག77ཡོད།
མའོ་ཀའོ་བྲག་ཕུག་ནི་ཆིན་རྒྱལ་རབས་ཀྱི་གོང་རོལ་དུ་འདེབས་འགོ་བརྩམས་པ་ནས་ལིའང་རྒྱལ་རབས་བྱང་མ་དང་། ཝེ་རྒྱལ་རབས་བྱང་མ། ཀྲོའུ་རྒྱལ་རབས་ལྔ། སུའེ་རྒྱལ་རབས། ཐང་རྒྱལ་རབས། རྒྱལ་རབས་ལྔ། སུང་རྒྱལ་རབས། ཡོན་རྒྱལ་རབས་བཅས་སུ་སྔ་གཞུག་ཏུ་བཏབ་པ་ཡིན།
ཐང་རྒྱལ་རབས་ཀྱི་གོང་མ་རྒྱལ་མོ་ཝུའུ་ཙེ་ཐེན་གྱི་སྐུ་རིང(སྤྱི་ལོ698)ལ་ཕུག་པ1000ལྷག་ཡོད་པ་དང་། ད་ལྟ་ཕུག་པ492དང་།
འདྲ་འབག་ཚོན་ཅན3000དང་ལྷག་ལྡེབས་བྲིས་སྨི་གྲུ་བཞི་མ་ཁྲི་ཚོ4.5ཙམ། ཐང་དང་སུང་རྒྱལ་རབས་ཀྱི་ཤིང་གི་རྒྱ་ཕིབས5བཅས་སོར་ལུས་སུ་ཉར་ཡོད།མའོ་ཀའོ་བྲག་ཕུག་ནི་ཨར་སྐྲུན་དང་། འདྲ་འབག། ལྡེབས་བྲིས་གསུམ་གཞི་གཅིག་ཏུ་དྲིལ་བའི་སྒྱུ་རྩལ་གྱི་བང་མཛོད་ཅིག་ཡིན། བྲག་ཕུག་གི་བཟོ་བཀོད་རྣམ་པ་སྣ་མང་ཡིན་ཞིང་།
རྒྱ་གར་གྱི་ལུགས་དང་ཀྲུང་གོའི་ལུགས་ཟུང་དུ་ལྡན་ཡོད། བརྐོས་འདྲ་དང་སྦྱར་འདྲ་ཟུང་འབྲེལ་བྱས་ཡོད་ཅིང་སྐུ་བརྙན་གསོན་ཉམས་ལྡན་པ་དང་། ཁྱད་པར་དུ་སུའེ་དང་ཐང་རྒྱལ་རབས་སྐབས་ཀྱི་འདྲ་འབག་ཚོན་ཅན་ནི་དེ་བས་ཕུལ་དུ་ཕྱིན་པ་སྟེ།
དཔེར་ན་ཕུག་པ54པའི་ནང་དུ་བཞུགས་པའི་བྱང་སེམས་དང་རྒྱལ་ཆེན་གྱི་སྐུ་ནི་གསོན་རྗེན་དུ་བཞེངས་ཡོད་པ་རེད། ལྡེབས་བྲིས་ཀྱི་བརྗོད་བྱ་ཕུན་སུམ་ཚོགས་པོ་ཡོད་པ་སྟེ། སྟོན་པའི་སྐྱེས་རབས་དང་། ལྷ་སྒྲུང་དང་།གནས་མཆོག། ལྷ་སྐུ་བཅས་དང་རྒྱན་རིས་བཅས་པ་མ་ཚང་བ་མེད། གཟུགས་འགོད་ལུགས་རྣམ་པ་སྣ་ཚོགས་ཅན་ཡིན་པ་དང་དུས་རབས་ཀྱི་ཁྱད་ཆོས་མངོན་ཡོད།