གྲངས་གཞིའི་ཐོག་ནས་མངོན་པ་ལྟར་ན། སྤྱི་ཟླ་10ཚེས་1ཉིན་ནས་ཚེས་7ཉིན་བར་རྔ་བ་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི་262.08སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་22.02མངོན་འགྱུར་བྱུང་ཡོད་ལ། དུས་མཚུངས་ལས་སོ་སོར་བརྒྱ་ཆ་6.76དང་བརྒྱ་ཆ་10.05འཕར་ཡོད།
ཁུལ་ཡོངས་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་164.46སྣེ་ལེན་ཞུས་ཡོད་པ་དེས་ཁུལ་ཡོངས་ཀྱི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་བསྡོམས་འབོར་གྱི་62.75%བཟུང་། སྤ་སེའི་ཡོང་འབབ་སྒོར་ཁྲི་6491.25ཟིན་ཡོད་ལ། དུས་མཚུངས་ལས་སོ་སོར་བརྒྱ་ཆ་8.16དང་བརྒྱ་ཆ་8.42འཕར་ཡོད།
དེའི་ནང་དུ་གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི་21.7སྣེ་ལེན་ཞུས་ནས་སྒོ་འཛིན་ཡོང་འབབ་སྒོར་ཁྲི་3236.52ཟིན་པ་དང་། དུས་མཚུངས་ལས་སོ་སོར་བརྒྱ་ཆ་15.55དང་བརྒྱ་ཆ་16.07འཕར་ཡོད་ལ། ཚེས་2ནས་ཚེས་5བར་གྱི་སྒོ་འཛིན་བཙོངས་ཚར་བ། གསེར་མཚོའི་མཛེས་ལྗོངས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི་11.89སྣེ་ལེན་ཞུས་ནས་སྒོ་འཛིན་ཡོང་འབབ་སྒོར་ཁྲི་1407.14ཟིན་པ་དང་། དུས་མཚུངས་ལས་སོ་སོར་བརྒྱ་ཆ་15.89དང་བརྒྱ་ཆ་8.24འཕར་ཡོད་ལ། ཚེས་3ཉིན་ནས་4ཉིན་བར་གྱི་སྒོ་འཛིན་བཙོངས་ཚར་བ། རི་བོ་སྐུ་བླའི་མཛེས་ལྗོངས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི་12.96སྣེ་ལེན་ཞུས་ནས་སྒོ་འཛིན་ཡོང་འབབ་སྒོར་ཁྲི་890.16ཟིན་པ་དང་། དུས་མཚུངས་ལས་སོ་སོར་བརྒྱ་ཆ་4.94དང་བརྒྱ་ཆ་5.55འཕར་བ། ཧྲོང་ཆའོ་ལུང་ཤུར་མཛེས་ལྗོངས་ཁུལ་དུ་ཚེས་2ཉིན་ནས་ཚེས་7ཉིན་བར་གྱི་སྒོ་འཛིན་བཙོངས་ཚར་བ། ཏ་ཁོག་འཁྱགས་རོམ་མཛེས་ལྗོངས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི་1.04སྣེ་ལེན་ཞུས་ནས་སྒོ་འཛིན་གྱི་ཡོང་འབབ་སྒོར་ཁྲི་71.07ཟིན་པ། པི་ཕེང་ལུང་བའི་མཛེས་ལྗོངས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི་5.02སྣེ་ལེན་ཞུས་ནས་སྒོ་འཛིན་གྱི་ཡོང་འབབ་སྒོར་ཁྲི་248.46ཟིན་ཡོད་དོ། །