2024ལོའི་མཛོད་དགེ་རྫོང་གི་བསམ་བློ་རིག་གནས་དྲིལ་བསྒྲགས་ཁོངས་གཏོགས་ཀྱི་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 10-11


སྤྱི་ཟླ་10ཚེས་9ཉིན། 2024ལོའི་མཛོད་དགེ་རྫོང་གི་བསམ་བློ་རིག་གནས་དྲིལ་བསྒྲགས་ཁོངས་གཏོགས་ཀྱི་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཀྲུང་གུང་སི་ཁྲོན་ཞིང་ཨུའི་དྲིལ་བསྒྲགས་པུའུ་ཡི་ཏང་གི་སློབ་གྲྭར་སློབ་འགོ་ཚུགས། རྫོང་ཡོངས་ཀྱི་བསམ་བློ་རིག་གནས་དྲིལ་བསྒྲགས་ཁོངས་གཏོགས་ཀྱི་ལས་བྱེད་པ་50སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་གཞུང་ལུགས་སྒྲོག་འགྲེལ་དང་ལས་སྒོ་གསོ་སྦྱོང་གཉིས་བཀོད་སྒྲིག་བྱས་ཏེ། སྙན་ཞུར་ཉན་པ་དང་འབྲེལ་ཡོད་དགོངས་དོན་བརྒྱུད་སྒྲོག །ཡིག་ཆ་གསལ་འགྲེལ། ལས་རིམ་གསལ་བཤད། བཀོལ་སྤྱོད་མ་ལག་དཔེ་སྟོན་བྱས་ཏེ། ཤེས་དཔལ་གསར་གཏོད་དང་དྲ་རྒྱའི་བདེ་འཇགས། དྲ་རྒྱའི་སྨྱན་སྦྱོར་གསར་པ། གླེང་ཕྱོགས་ཀྱི་གནས་ཚུལ་ཐག་གཅོད་སོགས་ལ་གཅིག་བསྡུས་སྒོས་གསོ་སྦྱོང་བྱས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་རང་ངོས་ཀྱི་བྱང་ཚད་མཐོ་བའི་བསམ་བློ་རིག་གནས་དྲིལ་སྒྲོག་གི་ལས་ཀའི་དཔུང་སྡེ་འཛུགས་སྐྱོང་དང་། རྫོང་ཡོངས་ཀྱི་བསམ་བློ་རིག་གནས་དྲིལ་བསྒྲགས་ཀྱི་ལས་ཀ་ལེགས་སྤེལ་ལ་ཤུགས་སྣོན་བྱས།  རྫོང་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་སྔར་ལས་གཅིག་གྱུར་དང་ངོས་འཛིན་མཐོ་རུ་བཏང་ནས། “དར་ཆ་བསྒྲེང་། དམངས་སེམས་སྒྲིལ། འཇོན་མི་སྐྱོང་། རིག་གནས་སྤེལ། སྣང་བརྙན་གཏོད”བཅས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བར་ཁྲིད་སྟོན་བྱས་ཏེ། “འཛམ་གླིང་གི་ཆེས་མཛེས་པའི་ས་མཐོའི་རྒྱལ་ཁབ་སྤྱི་གླིང་མཛོད་དགེའི་བརླན་ས”བསྐྲུན་པར་ལེགས་སྐྱེས་ཕུལ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1