ལོ་ངོ་5000གོང་གི་རྒྱལ་པོའི་བང་སོ་རྙེད་འདུག

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 10-22


ཉེ་ཆར། ད་བར་ལོ་5000ཙམ་སོང་བའི་བང་སོ་ཆེན་པོ་ཞིག་ཧོ་ནན་ཡུང་ཁྲེང་ཝང་ཀྲོང་གནའ་ཤུལ་ནས་རྙེད་པ་དང་། བང་སོ་དེའི་ས་འོག་ནས་ཐོན་པའི་རིག་དངོས་350ལྷག་ཙམ་ཡོད་ཅིང་། དེ་ནི་མིག་སྔར་རྙེད་པའི་ཏ་ཝུན་ཁོའུ་རིག་གནས་དུས་སྐབས་ཀྱི་གཞི་ཁྱོན་ཆེ་ཤོས་དང་། ས་འོག་ནས་ཐོན་པའི་དངོས་པོ་མང་ཤོས་ཀྱི་བང་སོ་ཞིག་ཡིན། དེས་ཀྲུང་ཧྭའི་ཤེས་དཔལ་འབྱུང་ཁུངས་ལ་ཞིབ་འཇུག་བྱེད་པའི་འགག་རྩའི་དུས་སྐབས་སུ་མ་དཔེ་གསར་རྐྱང་ཞིག་མཁོ་འདོན་བྱས་པ་རེད།

ཝང་ཀྲོང་གནའ་ཤུལ་ནི་ཧོ་ནན་ཡུང་ཁྲེང་གྲོང་ཁྱེར་མེའོ་ཆའོ་གྲོང་རྡལ་དུ་གནས་པ་དང་། དེ་ནི་ད་བར་ལོ་5000ཙམ་སོང་བའི་ཏ་ཝུན་ཁོའུ་རིག་གནས་དུས་མཇུག་གི་འདུས་སྡོད་བྱེད་གནས་ཆེ་གྲས་ཤིག་རེད། 2023ལོ་ནས་བཟུང་། ཧོ་ནན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་། རྒྱལ་སའི་དགེ་འོས་སློབ་ཆེན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ། ཧྲང་ཆིའུ་གྲོང་ཁྱེར་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་སོགས་ཀྱིས་གྲུབ་པའི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་གནའ་ཤུལ་དེར་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་པ་རེད། མིག་སྔར་གནའ་ཤུལ་དེ་ད་དུང་སྔོག་འདོན་བྱེད་བཞིན་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1