ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་ཆེད། ད་ལོ་ནས་བཟུང་ཐེ་བོ་གྲོང་རྡལ་གྱིས་གྲོང་རྡལ་གྱི་དོན་དངོས་ལ་གཞིགས་ནས་གྲོང་གསེབ་དར་སྤེལ་དང་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་སྒོས། ས་གནས་ཀྱི《བོད་ཡུལ་གྱི་སྤུས་ལེགས་ཐོན་རྫས།》ཀུང་སི་དང་ཟུང་འབྲེལ་གྱིས“སྟོན་ཞིང”དེ“ཕྱུག་འགྱུར་ཞིང་ས”རུ་བསྒྱུར། ས་ཞིང་སྐོར་རྒྱུག་གི་ཚད་གཞི་ལྟར་མུའུ་རེར་གྲོན་དངུལ་སྒོར་300སྤྲད་དེ་ས་ཞིང་མུའུ་180ལྷག་བརྒྱུད་སྐོར་རྒྱུག་བྱས་ནས་ཉུང་མ་འདེབས་འཛུགས་བྱས་པས། མི་80ལྷག་ལས་ཞུགས་ཐུབ་པའི་དུས་མཚུངས་སུ་ས་ཞིང་ཕྱོགས་བསྡུས་སྤྱོད་ཤུགས་ཆེ་རུ་ཕྱིན། ས་ཞིང་གཅིག་མང་པོར་སྤྱོད་པ་དང་ས་ཞིང་གཅིག་ལ་དུས་ཚིགས་མང་པོ་ཡོད་པ། ལོ་གཅིག་ལ་ཡོང་འབབ་ལེན་ཐབས་མང་པ་སོགས་མང་ཚོགས་མང་པོ་སྟོན་དགུན་གྱི་འདེབས་འཛུགས་ཐོན་སྐྱེད་ཁྲོད་ཁེ་ཕན་རག་ཐུབ་པར་བྱས།
རྗེས་ཕྱོགས་ཐེ་བོ་གྲོང་རྡལ་གྱིས་མཛུབ་ཁྲིད་ལེགས་འདོན་དང་སྤུས་ཚད་ལ་འགན་ལེན་བྱས་ཏེ། གྲོང་རྡལ་གྱི་ཞིང་ལས་ལག་རྩལ་པ་སྒྲིག་འཛུགས་ཀྱིས་ཞིང་ཁ་དང་དུད་ཚང་དུ་བསྐྱོད་ནས། མཛུབ་ཁྲིད་དང་གཅིག་བསྡུས་གསོ་སྦྱོང་སོགས་ཀྱི་བྱ་ཐབས་སྣ་མང་བརྒྱུད་གནོད་འབུའི་གནོད་འཚེ་འགོག་བཅོས་དང་། ཞིང་ས་དོ་དམ་སོགས་ཕྱོགས་ཡོངས་ནས“ཆད་ལུས་མེད་པའི”ལག་རྩལ་གསོ་སྦྱོང་དང་མཛུབ་ཁྲིད་བྱས་ཏེ། གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་རོགས་བྱ་རྒྱུ་རེད། “བུ་རྫི་རྣམ་པའི”ཞབས་ཞུ་ལེགས་འདོན་གྱིས་མང་ཚོགས་ཀྱི“འབྲུ་ཁུག”ཡག་པོ་སྲུང་བ་དང་། འབྲུ་རིགས་བདེ་འཇགས་ཀྱི“རྨང་གཞི”ཇེ་བརྟན་དུ་བཏང་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་རེད། །