དཀར་མཛེས་ཁུལ་གྱི་ཁུལ་རིམ་པའི་ལས་ཁུངས་ཀྱིས་ཏང་བཙུགས་ནས་ལོ་འཁོར་94ལོན་པར་རྗེས་དྲན་ཞུ་བའི་རིག་རྩལ་དགོང་ཚོགས་འཚོགས།

ཏིང་བཀྲས་བསྒྱུར། རྩོམ་སྒྲིག་པ།ཏིང་བཀྲ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-02


          སྤྱི་ཟླ་6པའི་ཚེས་30ཉིན་གྱི་དགོང་མོར། དཀར་མཛེས་ཁུལ་གྱི་ཐད་གཏོགས་ལས་ཁུངས་དང་ཁུལ་མི་རིགས་ལས་བྱེད་སློབ་གྲྭ་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་གཉེར་བྱས་པའི་ཁུལ་རིམ་པའི་ལས་ཁུངས་ཀྱིས་ཏང་བཙུགས་ནས་ལོ་འཁོར་94ལོན་པ་དང་། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པ། དཀར་མཛེས་ཁུལ་དུ་དམར་དམག་རྒྱང་བསྐྱོད་བྱས་ནས་ལོ་འཁོར་80ལོན་པ་བཅས་ལ་རྗེས་དྲན་ཞུ་བའི་རིག་རྩལ་དགོང་ཚོགས་དེ་དར་མདོ་ཟློས་གར་ཁང་དུ་འཚོགས་ཤིང་། དཀར་མཛེས་ཁུལ་གྱི་འགོ་ཁྲིད་ལི་ཁང་དང་བྱམས་བློ། པའེ་སུའུ་ཡུན། ཀྲོའུ་ཏུང་ཞེའུ་སོགས་དང་དཀར་མཛེས་ཡན་ལག་དམག་ཁུལ་གྱི་འགོ་ཁྲིད་རྣམ་པ་བཅས་ཐེངས་འདིའི་རིག་རྩལ་དགོང་ཚོགས་སུ་ཕེབས་ཡོད།

            རིག་རྩལ་དགོང་ཚོགས་ཀྱི་འགོ་ལེགས་པར་བརྩམས་པ་དང་བསྟུན་ནས། 《ང་ཚོ་ནི་གུང་ཁྲན་ཏང་གི་རྒྱུད་འཛིན་པ་ཡིན།》དང་《རྩྭ་ཐང་གི་ཞོགས་པ།》ཞེས་པའི་ཞབས་བྲོ་དང་། སྐྱེས་པའི་ཁེར་ལེན་《ཏང་ལགས། ངས་ཁྱེད་ལ་བཤད་འདོད་པ་ནི།》དེ་བཞིན་《བཙན་མདའ་སྐོར་བྲོ།》སོགས་གླུ་གར་གྱི་དགའ་སྟོན་གྱ་ནོམ་པ་ཕུལ་བས། ལྟད་མོ་བ་དག་སྐབས་རེར་དཀའ་སྡུག་གི་གནས་སྐབས་དང་། སྐབས་རེར་མཛེས་སྡུག་གི་ཞིང་ཁམས་སུ་འཁྲིད་པར་བྱེད། འདི་ལྟར་འཁྲབ་ཚན་རེ་རེས་རྒྱ་ཆེའི་ལྟད་མོ་བ་དག་ལ་འདས་སོང་གི་ལོ་རྒྱུས་ཅི་ཡང་དྲན་པར་བྱེད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1