སྤྱི་ཟླ་7པའི་ཚེས་1ཉིན་གྱི་ཞོགས་པ་དང་ཕྱི་དྲོ་གཉིས་ལ། ཞང་ཀང་དུ་སྡོད་པའི་དམག་དཔུང་གིས་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར་18ལོན་པར་རྗེས་དྲན་ཞུ་ཆེད། ཨང་ཁྲོན་ཀྲོའུ་དམག་སྒར་དང་ཧྲི་ཀང་དམག་སྒར་གཉིས་ལྟད་མོ་བར་སྒོ་ཕྱེས་པ་དང་། འཛིན་བྱང་རེག་པའི་མང་ཚོགས་ཁྲི་1.8ཀྱིས་དམག་སྒར་དུ་ལྟ་སྐོར་བྱས་ནས་དམག་དཔུང་གི་སྒྲིག་ཆས་དང་འཚོ་བར་ཉམས་ལེན་བྱས་ཡོད། ཐེངས་འདིའི་དམག་སྒར་གཉིས་ཀྱིས་གྲོང་ཁྱེར་སྡོད་དམངས་ལ་དམག་ཆས་སྣ་ཚོགས་འགྲེམ་སྟོན་བྱས་པར་མ་ཟད། ད་རུང་རྒྱལ་དར་བསྒྲེངས་པའི་མཛད་སྒོ་དང་། གྲི་རྩལ་སོགས་ཀྱི་དམག་རྩལ་ངོམ་པའི་འཁྲབ་སྟོན་ཡང་བྱས་ཡོད། མང་ཚོགས་ཀྱིས་དམག་གྲུའི་ནང་ནས་མེ་སྒྱོགས་འཕེན་པ་དང་དམག་གྲུ་ཁ་ལོ་བསྒྱུར་བ་སོགས་ལ་ཚོད་ལྟའི་སྦྱོང་བརྡར་བྱ་ཆོག་པ་ལས་གཞན། ད་དུང་ཀང་སྡོད་དམག་དཔུང་གི་རྒྱུན་ལྡན་འཚོ་བའི་སྒྲིག་བཀོད་ལ་ལྟ་སྐོར་བྱས་ཏེ། ཁོང་ཚོའི་ཉིན་རྒྱུན་གྱི་འཚོ་བར་རྒྱུས་ལོན་བྱ་ཆོག་ལ། དེ་བས་ཀྱང་གོ་སྐབས་ཡོད་ཚེ་ཁོང་ཚོ་རང་གིས་བཟོས་པའི་སྔོ་ཚོད་ཀྱི་ཟ་མ་ལའང་རོ་མྱོང་བྱས་ཆོག་པ་རེད། །