ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་གྲོས་ཚོགས་འཚོགས་ནས། ལྟ་སྐོར་སྐོར་ཞིབ་ཕྱོགས་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 07-16



དཔྱད་གཞིའི་པར་རིས། 

   ཟླ་7པའི་ཚེས་14ཉིན་གྱི་ཕྱི་དྲོར།  སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ཏེ། ཀྲུང་དབྱང་གི་ཏང་གི་ཚོགས་སྤྱིའི་ལས་ཀའི་ཚོགས་འདུ་དང་། 2015ལོར་ཀྲུང་དབྱང་སྐོར་གཉིས་པའི་ཆེད་དོན་སྐོར་ཞིབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ། ཞིང་ཆེན་དང་ས་ཁུལ། གྲོང་ཁྱེར་སྐོར་ཞིབ་གཞུང་ལས་ཁང་གི་འགན་ཁུར་བློ་མཐུན་བཞུགས་མོལ་ཚོགས་འདུའི་དགོངས་དོན་ཁྱབ་བསྒྲགས་སློབ་སྦྱོང་ཐད་ལ་རང་རེའི་ཞིང་ཆེན་གྱི་ལག་བསྟར་དོན་འཁྱོལ་ཡོང་བའི་བསམ་འཆར་སྐོར་ལ་གྲོས་ཞིབ་བྱས།《སི་ཁྲོན་ཞིང་ཆེན་མངའ་ཁོངས་ཀྱི་ཞིང་ཆེན་ཁོངས་གཏོགས་ཁེ་ལས་འགན་འཁུར་པའི་ལས་འགན་ཐོབ་ཐང་དང་ལས་སྒོའི་འགྲོ་གྲོན་དོ་དམ་བྱ་ཐབས།》སོགས་ལ་གྲོས་ཆོད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཚོགས་འདུའི་གཙོ་སྐྱོང་གནང་། 


ཚོགས་འདུའི་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཏང་གི་ཚོགས་སྤྱིའི་ལས་ཀའི་ཚོགས་འདུའི་ཐོག་ཏུ་གསུང་བཤད་གལ་ཆེན་དང་། ཏང་གི་སྲིད་སྐྱོང་གྲལ་རིམ་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞིའི་འཐབ་ཇུས་ཕྱོགས་ལ་ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བྱ་གཞག་འཕེལ་རྒྱས་ལ་སྤྱི་ཡོངས་ནས་འགྲེལ་བཤད་གསལ་པོ་བྱས། ཏང་གི་ཚོགས་སྤྱིའི་ལས་ཀ་གལ་ཆེན་མང་པོ་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་གནད་འདུས་པའི་འཐབ་ཇུས་རང་བཞིན་དང་།  བསམ་བློའི་རང་བཞིན། དམིགས་བསལ་མཛུབ་སྟོན་བྱེད་པའི་དུས་བབ་གསར་པའི་འོག་ཏང་གི་ཚོགས་སྤྱིའི་བྱ་བའི་རྩ་འཛུགས་རང་བཞིན་གྱི་ཡིག་ཆ། ང་ཚོས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་།  ཡང་དག་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོགས་སྤྱིའི་འཕེལ་རྒྱས་ཀྱི་ལམ་ཕྱོགས་ཤེས་རྟོགས་བྱེད་ཐུབ་དགོས།  ཚོགས་སྤྱིའི་ལས་ཀ་དང་ཚོགས་སྤྱིའི་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན།  སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་ཅན་གྱི་རེ་འདུན་ལྟར་སི་ཁྲོན་དངོས་ཡོད་གནད་དོན་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱེད་དགོས་པའི་མཛུབ་སྟོན་ཟབ་མོ་གནང་།  

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བློ་མཐུན་ཝང་ཆི་ཧྲན་གྱི་སྐོར་ཞིབ་བྱ་བའི་སྐོར་གྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། སྔར་ལས་ཡག་པོའི་སྒོ་ནས་རང་རེའི་ཞིང་ཆེན་གྱི་སྐོར་ཞིབ་བྱ་བ་བསྒྲུབ་རྒྱུའི་རེ་འདུན་བཏོན། སྐོར་ཞིབ་ལྟ་སྐུལ་ཡོངས་སུ་ཁེབས་པར་སྐུལ་འདེད་གཏོང་དགོས་པར་ནན་བཤད་བྱས་པ་དང་། སྐོར་ཞིབ་ཀྱི་ཤུགས་ཇེ་ཆེར་བཏང་སྟེ། དུས་ཚོད་ཀྱི་མཚམས་ལེགས་པོར་ངོས་འཛིན་བྱས་ནས། སྐོར་ཞིབ་ཀྱི་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་བྱ་རྒྱུ་འགན་ལེན་བྱེད་དགོས། སྔར་ལས་ལྷག་པར་གཏན་འཁེལ་སྟེང་ལ་ཕྱོགས་པ་དང་ནང་དོན་གཏིང་ཟབ་པ།  བྱེད་སྟངས་ཐད་གསར་གཏོད་དམ་དུ་དམིགས་ནས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སྐོར་ལྟ་སྐུལ། ཁྲིམས་ལུགས་དང་སྒྲིག་སྲོལ་སྐོར་ལ་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བ། བེད་སྤྱོད་ཐད་ལ་སྐོར་ཞིབ་ལྟ་སྐུལ་གྱི་འགྲུབ་འབྲས། སྒྲིག་ཁྲིམས་བརྩི་སྲུང་དང་ཆབ་སྲིད་སྐྱེ་ཁམས་ལེགས་པོ་ཞིག་གྲུབ་རྒྱུ་གལ་ཆེ་བ་བཏོན།   

ཚོགས་འདུའི་ཐོག  སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ཁེ་ལས་ཀྱི་འགན་ཁུར་པའི་འགན་སྒྲུབ་ཀྱི་ཐོབ་ཐང་དང་ལས་སྒོའི་འགྲོ་གྲོན་དོ་དམ་བྱ་ཐབས་ལ་ཞིབ་བཤེར་གཏན་འཁེལ་བྱས། དོ་དམ་བྱེད་ཐབས་ཀྱིས་ཁྲིམས་ལུགས་དང་སྒྲིག་སྲོལ་སོགས་མཐའ་འཁྱོངས་བ་དང་། སྤྱོད་གཙང་གྲོན་ཆུང་། ཚད་ལྡན་དང་མངོན་གསལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། ཞིང་ཆེན་གྱི་ཁོངས་གཏོགས་ཀྱི་རྒྱལ་ཁབ་ལ་དབང་བའི་མ་རྩའི་ཁེར་འཇོག་དང་རྒྱལ་ཁབ་ཀྱིས་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་གཞུང་ལས་རླངས་འཁོར་དང་གཞུང་སྒྲུབ་ཁང་། ལས་སྒོའི་གསོ་སྦྱོང་དང་སྣེ་ལེན། གཞུང་དོན་གྱི་ཆེད་དུ་རྒྱལ་ཕྱི་ནང་དུ་ལས་ཀར་སོང་བ་སོགས་ལ་སྒོར་མོའི་འགྲོ་སོང་ཐད་ཀྱི་སྔོན་རྩིས་དོ་དམ་སྐོར་ལ་སྒྲིག་སྲོལ་ཚད་ལྡན་གཏང་རྒྱུའི་སྐོར་ལ་གྲོས་ཆོད་བྱས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1