སྤྱི་ཟླ་7པའི་ཚེས་15ཉིན། ལི་ཐིང་རྫོང་འཇའ་བ་ཡུལ་ཤོག་སྒུ་མཆུ་གྲོང་སྡེའི་སྡེ་མི་རྒྱ་ཐར་གྱི་ཚད་ལྡན་སྔོ་ཚལ་དྲོད་ཁང་དུ། སྡེ་བའི་གླ་པ་རྣམས་ཀྱིས་སྔོ་ཚལ་རྨོ་འདེབས་བྱེད་བཞིན་ཡོད། རྒྱ་ཐར་གྱིས་བཤད་པ་ལྟར་ན། སྔོ་ཚལ་དྲོད་ཁང་འདི་འདྲ་ཞིག་བསྐྲུན་ཐུབ་པ་ནི་རྫོང་གི་དབུལ་སྐྱོར་ལས་ཀའི་བཀའ་དྲིན་ཡིན། རྒྱུས་ལོན་བྱུང་བ་ལྟར་ན། གནད་འཁེལ་དབུལ་སྐྱོར་ལས་ཀར་བརྒྱུད། ན་ནིང་ལོར་ལི་ཐང་རྫོང་གི་མི་གྲངས་1867ཕྱུག་འགྱུར་གྱི་ལམ་དུ་ཞུགས་ཐུབ་ཡོད། དབུལ་སྐྱོར་ལས་ཀ་ཇེ་ལེགས་ཇེ་བཟང་དུ་གཏང་དགོས་ན་ངེས་པར་ཏུ་དབུལ་ཕོངས་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས། ལི་ཐང་རྫོང་གིས་དབུལ་སྐྱོར་ལས་ཀ་ཡོངས་སུ་སྤེལ་བ་ནས་བཟུང་། ཆེད་གཉེར་ཞིབ་འཇུག་ཚོ་ཆུང་བཙུགས་ཏེ། ཆེད་དོན་རྟོག་ཞིབ་རྩ་འཛུགས་བྱས་པ་དང་། གཞི་རིམ་མང་ཚོགས་དང་ཏང་ཡོན་ལས་བྱེད་པ། དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན་སོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་ནས་དབུལ་སྐྱོར་གསར་སྤེལ་ལ་ཁ་ཚ་དགོས་གཏུག་གི་དཀའ་ཁག་དང་གནད་དོན་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱས་ཏེ། འདྲ་མཉམ་དང་། དྲང་བདེན། དྲང་གཞག གནད་འཁེལ་ངོས་འཛིན་དང་འགྲོས་བསྟུན་དོ་དམ་གྱི་རྩ་དོན་ལྟར། རྫོང་དང་ཡུལ་ཤོག གྲོང་སྡེ་རིམ་པ་སོ་སོས་དབུལ་ཕོངས་དུད་ཚང་ལ་ཞིབ་བཤེར་གཏན་འབེབས་ཡོངས་བསྒྲགས་བྱས། 2014ལོར་རྫོང་ཡོངས་སུ་བསྡོམས་པས་དབུལ་ཕོངས་གྲོང་སྡེ་132དང་། དབུལ་ཕོངས་དུད་ཚང་5560 དབུལ་ཕོངས་མི་སེར་13643དབྱེ་འབྱེད་ངོས་འཛིན་བྱས་ཡོད། ད་ལོའི་ཟླ་བ་3པའི་ཡར་སྔོན། ཡིག་ཚགས་བཟོ་བ་དང་གཞི་གྲངས་གསར་སྒྱུར་གྱི་ལས་ཀ་ཡོངས་སུ་ལེགས་འགྲུབ་བྱུང་སྟེ། 1+1དང་1+Nགྱི་བྱེད་སྟངས་བརྒྱུད། དབུལ་ཕོངས་ཁྱིམ་དུད་5560ལ་དུད་ཁྱིམ་དང་དུད་ཁྱིམ། ས་གནས་དང་ས་གནས། ལོ་གསུམ་འགྱུར་མེད་ཀྱི་རོགས་སྐྱོར་ལག་བསྟར་བྱས།།