ཟླ་7པའི་ཚེས་15ཉིན་གྱི་འཕྲིན་གསར། ཞིང་གྲོང་གི་རྒྱང་བསྒྲགས་བརྙན་འཕྲིན་གྱི་སྤྱི་ཡོངས་ཞབས་ཞུ་གཅིག་མཐུན་ཅན་དུ་གྱུར་པ་དང་། གཞི་རིམ་གྲོང་རྡལ་དུ་རྒྱང་བསྒྲགས་བརྙན་འཕྲིན་གྱི་ཁྱབ་རྒྱ་ཆུང་བ། མི་དམངས་མང་ཚོགས་ཀྱིས་བརྙན་འཕྲིན་ལ་ལྟ་མི་ཐུབ་པའི་གནད་དོན་སོགས་ཐག་གཅོད་ལེགས་བསྒྱུར་བྱ་ཆེད། ཁྲོ་ཆུ་རྫོང་གིས་འཆར་གཞིའི་དུས་ཚོད་ལྟར་ནན་ཏན་སྒོས་ཞིང་ཆེན་དང་ཁུལ་རིམ་པའི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱས་ཏེ་རྒྱང་བསྒྲགས་བརྙན་འཕྲིན་དུད་ཁྱིམ་ཡོངས་སུ་ཁྱབ་པའི་འཛུགས་བསྐྲུན་ལེགས་འགྲུབ་བྱུང་།
རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིར་རྒྱང་བསྒྲགས་བརྙན་འཕྲིན་གྱི་སྒྲིག་ཆས་490ཙ་བུ་གྲོང་རྡལ་དུ་སྒྲིག་སྦྱོར་བྱས་ཏེ་བཀོལ་སྤྱོད་བྱེད་འགོ་བརྩམས་ལ། འཛུགས་སྐྲུན་གྱི་ཚད་ཐིག་ཞིང་ཆེན་དང་ཁུལ་རིམ་པའི་གཏན་འཁེལ་བྱས་པའི་འཛུགས་སྐྲུན་ཚད་ཐིག་དང་མཐུན། ད་ལྟ་རྫོང་འདིར་ཞིང་གྲོང་གི་རྒྱང་བསྒྲགས་བརྙན་འཕྲིན་ཐད་གཏོང་འཁོར་སྐར་སྤྱོད་མཁན་གྱི་དུད་ཁྱིམ་13082ལ་སླེབས་ཡོད་པ་དང་། བརྙན་འཕྲིན་ལེ་ཚན་58ལྟ་ཐུབ་ཅིང་རླུང་འཕྲིན་ལེ་ཚན་44ལ་ཉན་ཐུབ། རྒྱང་བསྒྲགས་བརྙན་འཕྲིན་ཐད་གཏོང་འཁོར་སྐར་ཕལ་ཆེར་རྫོང་ཡོངས་སུ་ཁྱབ་ཡོད། །