གཟི་རྩ་སྡེ་དགུ་རྫོང་གིས་སྐུལ་འདེད་ཚོགས་འདུའི་སྟེང་དབུལ་སྐྱོར་བྱ་བར་འཆར་གཞི་བཀོད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-17


སྤྱི་ཟླ་7པའི་ཚེས་15ཉིན། རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་གིས་དབུལ་སྐྱོར་བྱ་པའི་སྐུལ་འདེད་ཚོགས་འདུ་འཚོགས། འཚོགས་ཐོག་ཏུ་ཞིང་ཆེན་ཨུ་ལྷན་གྱི་སྐབས་བཅུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཚོགས་འདུའི་དགོངས་དོན་གསལ་འདོན་བྱས།

ཚོགས་འདུའི་སྟེང་། གཟི་རྩ་སྡེ་དགུའི་དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་དུད་ཁྱིམ་ལ་ཡང་དག་ངོས་འཛིན་དང་ཡང་དག་རོགས་འདེགས། ཡང་དག་དོ་དམ་དང་ཡང་དག་ཞིབ་དཔྱད་བྱས་པ་བརྒྱུད་རྫོང་ཡོངས་ཀྱིས་2020ལོར་དབུལ་ཕོངས་སྡེ་བ་48དང་དབུལ་ཕོངས་དུད་ཁྱིམ་2286  དབུལ་ཕོངས་མི་གྲངས་7413བཅས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་གྱུར་བྱ་དགོས་པར་མ་ཟད། གཟི་རྩ་སྡེ་དགུའི་ཡུལ་སྐོར་ལྗོངས་ཁུལ་ཡོངས་དང་ཐོན་སྐྱེད་འཕེལ་རྒྱས་ཀྱི་རེ་བ་ལྟར་ཚད་ལྡན་གྱི་ཡུལ་སྐོར་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱ་དགོས། མགྱོགས་མྱུར་ངང་དམངས་དོན་ལས་གཞི་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏང་དགོས་ཞེས་བསྟན།

ཚོགས་ཐོག་ཏུ་ད་དུང་གཟི་རྩ་སྡེ་དགུའི་ས་གནས་འགའི་དེང་རབས་སྤྲོ་གསེང་ཞིང་ལས་ཐོན་སྐྱེད་སོགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏང་བ་དང་། བབ་བསྟུན་རོགས་འདེགས་ཀྱི་སྟོབས་ཤུགས་མཐོར་འདེགས་སུ་བཏང་ཏེ་མེན་དབྱང་ནས་གཟི་རྩ་སྡེ་དགུ་དང་། ཁྲི་ཚང་ནས་གཟི་རྩ་སྡེ་དགུ་བར་གྱི་མྱུར་བགྲོད་གཞུང་ལམ་དང་།  ཁྲེན་ཏུའུ་ནས་ལན་ཀྲུའུ་བར་གྱི་ལྕགས་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས་པ་དང་།  ས་གནས་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་དང་ས་གནས་གཞན་པ་སྣེ་ཁྲིད་དེ་དོ་མཉམ་ངང་འཕེལ་རྒྱས་སུ་འགྲོ་བར་འབད་པ་བྱེད་པ། འགན་འཁྲིའི་འདུ་ཤེས་ལ་ཤུགས་སྣོན་དང་བྱ་བ་དོན་ཐོག་ཏུ་འཁྱོལ་བ། མགྱོགས་མྱུར་ངང་ཡང་དག་པའི་དབུལ་སྐྱོར་བྱ་བའི་བླང་བྱ་འདོན་པ།  གཟབ་ནན་གྱི་བྱ་བའི་སྤྱོད་ལམ་དང་དྲང་བདེན་གྱི་བྱ་བའི་བྱེད་ཐབས། ནན་ཏན་ངང་ལས་དོན་དོན་ཐོག་ཏུ་འཁྱོལ་བར་འབད་པ་བྱེད་དགོས་ཞེས་བསྟན།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1