སི་ཁྲོན་གྱིས་བྱེད་ཐབས་དྲུག་མཉམ་དུ་སྤེལ་ཏེ། ལོ་རེར་དབུལ་ཕོངས་ཀྱི་མི་གྲངས་ཁྲི་100ཡས་མས་དབུལ་སེལ་བྱ་རྒྱུ་འགན་ལེན་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-20


ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་ལས་ཁུངས་ཀྱིས་བྱེད་ཐབས་དྲུག་མཉམ་དུ་སྤྱད་ནས། ལོ་རེར་དབུལ་ཕོངས་ཀྱི་མི་གྲངས་ཁྲི་100ཡས་མས་དབུལ་སེལ་བྱ་རྒྱུ་འགན་ལེན་བྱས། 2020ལོར་སླེབས་སྐབས་མི་ཁྲི་497.65ཡི་དབུལ་པོའི་ཞ་མོ་ཡོངས་སུ་ལེན་པ་དང་། ཁྱོན་ཡོངས་ནས་ལྟོས་བཅས་ཀྱི་དབུལ་པོ་མེད་པ་བྱ་རྒྱུ་ཡིན། བྱེད་ཐབས་དྲུག་ནི་གཅིག་གྱུར་གྱིས་འཆར་འགོད་བཟོ་བ་དང་གནད་ལ་འཁེལ་བའི་ནུས་ཤུགས་འདོན་པ། གཙོ་གནད་འགག་སྒྲོལ། བསྒྱུར་བཅོས་ཟབ་སྤེལ། སྟེགས་བུ་རྒྱ་སྐྱེད་པ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཡིན། ཞིང་ཆེན་དབུལ་སྐྱོར་གནས་སྤོར་ཅུས་ཀྱིས་ད་དུང་《སི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྲོལ་ཡིག 》ལག་བསྟར་བྱ་རྒྱུར་སྐུར་འདེད་བཏང་སྟེ། ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་དོ་དམ་དང་བེད་སྤྱོད། རྣམ་གྲངས་འཛུགས་སྐྲུན་དོ་དམ། འཆར་འགོད་ལག་བསྟར་སོགས་ལ་ཁྲིམས་སྐྱོང་ལྟ་སྐུར་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1