སྐབས་གསུམ་པའི་ཨ་མདོའི་རྟ་རྒྱུགས་འགྲན་ཚོགས་རྔ་བ་ཁུལ་མཛོད་དགེ་རྫོང་དུ་བསྡུས།

ཚེ་བརྟན་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-20


སྤྱི་ཟླ་7པའི་ཚེས་16ཉིན།སྐབས་གསུམ་པའི་ཨ་མདོའི་རྟ་རྒྱུགས་འགྲན་ཚོགས་རྔ་བ་ཁུལ་མཛོད་དགེ་རྫོང་སྐར་དམར་གྲོང་རྡལ་ནས་དུས་ལྟར་བསྡུས།ཐེངས་དེའི་རྟ་རྒྱུགས་འགྲན་ཚོགས་ཀྱི་དུས་ཡུན་ཉིན་5ཡིན་ལ།སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་རྫོང་ཁག་བཅུ་གསུམ་ནས་ཡོང་པའི་འགྲན་ཞུགས་པ་680ལྷག་དང་ལྟད་མོ་བ་ཁྲི་2ལྷག་འདུས།

ཐེངས་དེའི་རྟ་རྒྱུགས་འགྲན་ཚོགས་ལ་བསྡོམས་པས་ཚོ་ཆུང་5དང་ཚན་པ་8དུ་དབྱེ་ཡོད་པ་དང་བྱ་དགའི་བསྡོམས་དངུལ་གྲངས་ཁྲི་46ཡིན།ཨང་དང་པོ་དང་གཉིས་པ། གསུམ་པ་སོ་སོར་གསེར་གྱི་རྟགས་མ་དང་དངུལ་གྱི་རྟགས་མ།ཟངས་ཀྱི་རྟགས་མ་བཅས་ཀྱི་བྱ་དགའ་ཡོད་ལ་དུས་མཚུངས་སུ།ད་དུང་རྟ་ཐོག་ལུས་རྩལ་འཁྲབ་སྟོན་དང་སྤུས་དག་གི་རྨ་ཆུའི་རྟ་དཔྱད་འདེམས།བོད་ཀྱི་མིག་མངས་འགྲན་སྡུར།བྱེ་ཁུག་ཁུར་བ་སོགས་ཀྱི་རྣམ་གྲངས་བཀོད་སྒྲིག་བྱས་ཡོད།སྐབས་དང་པོ་དང་སྐབས་གཉིས་པའི་ཨ་མདོའི་རྟ་རྒྱུགས་འགྲན་ཚོགས་དང་བསྡུར་ན།ཐེངས་འདིའི་འགྲན་ཚོགས་ཀྱི་ལྟད་མོའི་རང་བཞིན་དང་ལྟ་འདོད་རང་བཞིན་ལ་མཐོར་འདེགས་མངོན་གསལ་བྱུང་འདུག །

 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1