ས་གནས་དེ་གའི་སྤྱི་ཟླ་7པའི་ཚེས་1ཉིན། ཝ་ཧྲིང་ཐོན་གྱི་ཕོ་བྲང་དཀར་པོ་ནས་ཨ་རིའི་སྲིད་འཛིན་ཨོ་པཱ་མས། ཨ་རི་དང་ཁུ་པ་གཉིས་ཀྱིས་སླར་བསྐྱར་ཕྱི་འབྲེལ་བཙུགས་པ་གསལ་བསྒྲགས་བྱས།
སྤྱི་ཟླ་7པའི་ཚེས་20ཉིན། རྒྱལ་ཁབ་ཕྱོགས་གཉིས་ཀྱིས་ཝ་ཧྲིང་ཐོན་དང་ཧ་ཝ་ན་རུ་གཞུང་ཚབ་ལས་ཁུངས་འཛུགས་རྒྱུ་དང་། དུས་མཚུངས་སུ་ཁུ་པ་ཡི་ཕྱི་འབྲེལ་པུའུ་ཡིས་ཆ་འཕྲིན་འདི་ཁྱབ་བསྒྲགས་བྱས།
ས་གནས་དེ་གའི་སྤྱི་ཟླ་7པའི་ཚེས་1ཉིན། ཁུ་པ་ཡི་རྒྱལ་ས་ཧ་ཝ་ན་རུ་ཁུ་པའི་མང་ཚོགས་ཀྱིས་ཨ་རི་དང་ཁུ་པ་གཉིས་ཀྱི་ཁེ་ཕན་སྐུ་ཚབ་ཁང་དུ་གྲལ་སྒྲིག་ནས་མཐོང་ཆེན་སྒྲུབ་པར་སྒུག་ནས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཚོས་ཕྱི་འབྲེལ་ ཡང་བསྐྱར་བཙུགས་པ་ཁྱབ་བསྒྲགས་བྱས།