སི་ཁྲོན་གྱིས་སྒྱུར་བཀོད་བྱ་དགོས་པའི་ཁང་རྙིང་ཁྱོན་བསྡོམས་ཁྲི་20.7 ལས་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-21


   

   ཟླ་ 7 ཚེས་ 20 ཉིན། སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་ཚང་འཛོམས་ཚོགས་ཆེན་ཐེངས་དང་པོ་སྐོང་འཚོགས་བྱས། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མངགས་བཅོལ་ལྟར། ཚོགས་འདུའི་ཐོག་ཏུ་ཞིང་ཆེན་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཐང་ལེ་མིན་གྱིས་ཞིང་ཆེན་ཡོངས་ཀྱི་ 2015  ལོའི་ཟླ་དང་པོ་ནས་ཟླ་དྲུག་པའི་བར་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ།

    ཟླ་དང་པོ་ནས་དྲུག་པའི་བར། ཞིང་པ་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་5319དང་། གྲོང་ཁྱེར་དང་གྲོང་རྡལ་ལ་ལས་ཞུགས་མི་གྲངས་ཁྲི་ 53.4འཕར་སྣོན་བྱུང་། ད་དུང་སྒྱུར་བཀོད་བྱ་དགོས་བའི་ར་ཁང་རྙིང་བ་དང་ཉེན་ཡོད་ར་ཁང་། འགན་ལེན་སྡོད་ཁང་བཅས་བསྡོམས་པའི་ཁྲི་20.7 ལས་འགོ་ཚུགས་པ་དང་།  ཞིང་ཆེན་ཡོངས་ཀྱི་དམངས་འཚོའི་ལས་གཞིའི་རྣམ་གྲངས་ཆེན་པོ་བཅུ་དང་དམངས་འཚོའི་དོན་ཆེན་20ལ་ཕན་འབྲས་ཐོན་ཡོད་པ་རེད།  ཟླ་ 6 བའི་ཟླ་མཇུག་བར། ས་གནས་ཀྱིས་འགན་འཁུར་པའི་འཆར་འགོད་རྣམས་གྲངས་ 2419ལས་74.3  %མཇུག་སྒྲིལ་པ་དང་སྤྱིའི་མ་དངུལ་གྱི་78  %བཏང་ཚར་པ་རེད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1