འགྲན་རྒྱུག་ཡུལ་དངོས།
སྤྱི་ཟླ་7པའི་ཚེས་21ཉིན་ནས་ཚེས་23ཉིན་བར། སྐབས་བཞི་པའི་མི་ཉག་མགར་ཐར་ཡུལ་སྲོལ་རྟ་རྒྱུག་དུས་ཆེན་དེ་དཀར་མཛེས་ཁུལ་རྟའུ་རྫོང་ཞི་བདེ་ཡུལ་ཤོག་ཏུ་གཟབ་རྒྱས་ངང་སྤེལ། སི་ཁྲོན་རྔ་བ་ཁུལ་དང་དཀར་མཛེས་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་དང་མཚོ་སྔོན་བཅས་ས་གནས་ཁག་གི་རྒྱུག་རྟ་200ལྷག་ཐེངས་འདིའི་རྟ་རྒྱུག་དུས་ཆེན་དུ་ཞུགས།དུས་ཡུན་ཉིན་གསུམ་རིང་གི་རྟ་རྒྱུག་དུས་ཆེན་སྟེང་ས་གནས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མི་ཉག་སྐོར་བྲོ་དང་ལྷ་མོ་འཁྲབ་སྟོན། དམངས་གླུ། གླུ་དབྱངས། ཞབས་བྲོ་སོགས་ཀྱིས་ལྟད་མོ་བ་མང་པོར་ལྷོད་བདེ་བག་ཡངས་ཀྱི་གསོལ་སྟོན་ཐེངས་གཅིག་བཤམས་ཡོད།
འགྲན་རྒྱུག་ཡུལ་དངོས།
ཞི་བདེ་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་འབྱུང་གནས་ཀྱིས་དུས་ཆེན་འདི་ཡིས་ས་གནས་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱེད་པར་ཕན་ནུས་ཆེན་པོ་འདོན་ཐུབ་པར་མ་ཟད། རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་འགྲོ་བ་དང་མི་ཉག་མགར་ཐར་ལ་རྟ་རྒྱུག་གི་ཕ་ས་ཞེས་པའི་མཚན་སྙན་རྒྱས་པར་གོ་སྐབས་བཟང་པོ་སྐྲུན་བཞིན་ཡོད་ཅེས་བསྟན།
མཇུག་མཐར་རྒྱུག་རྟ་200ལྷག་ལས་རྟ་34རྟིང་རྩོད་འགྲན་བསྡུར་ནང་ཚུད་པ་དང་། རྟིང་རྩོད་འགྲན་བསྡུར་གྱི་རྒྱུག་ཐག་སྤྱི་ལེ་16ཡིན་ཞིང་འགྲན་རྒྱུག་གི་ཨང་རིམ་ལྟར་བྱ་དགའ་གྱ་ནོམ་པ་སྤྲད་ཡོད། །
ཞི་བདེ་ཡུལ་ཤོག་གི་ཧྲུའུ་ཅི་འབྱུང་གནས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།