སི་ཁྲོན་གྱི་དབུལ་སྐྱོར་བྱ་བར་ངོས་འཛིན་གནད་འཕིགས་ཀྱི་གཏིང་ཟབ་ཏུ་བཏང་ནས། ཡིག་ཚགས་འཛུགས་པ་དང་བྱང་བུ་བཟོས་ནས་རོགས་སྐྱོར་བྱེད་ཐབས་གཏན་འབེབས་བྱ་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-31



    ཚེས་30ཉིན། སི་ཁྲོན་ཞིང་ཆེན་གྱི་གནད་འཕིགས་དབུལ་སྐྱོར། གནད་འཕིགས་དབུལ་སྒྲོལ་ཞེས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས། ཚོགས་འདུའི་ཐོག་ཞིང་ཆེན་དབུལ་སྐྱོར་དང་ཡུལ་མི་གནས་སྤོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའུ་པེན་གྱིས་ཡུལ་དངོས་སུ་རང་རེ་ཞིང་ཆེན་གྱི་དབུལ་སྐྱོར་གསར་སྤེལ་དང་ལྷག་པར་དུ་གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།



   ལུའུ་པེན་གྱིས་ངོ་སྤྲོད་བྱས་པར། སི་ཁྲོན་ཞིང་ཆེན་ནི་རྒྱལ་ཡོངས་ཀྱི་དབུལ་སྐྱོར་ལས་འགན་ལྕི་ཤོས་ཀྱི་ཞིང་ཆེན་ཞིག་ཡིན་ལ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་གཅིག་འདོམས་བྱེད་པ་མཐའ་འཁྱོངས་བྱས་ཏེ།  

ཐོག་མཐའ་བར་གསུམ་དུ་དམིགས་བསལ་དཀལ་ངལ་ཡོད་པའི་ཡུལ་ཁག་དང་དབུལ་ཕོངས་རྫོང་། དབུལ་ཕོངས་གྲོང་ཚོ། དབུལ་ཕོངས་ཁྱིམ་ཚང་ལ་དམིགས་ཏེ། གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་བྱ་བར་ངེས་པ་དོན་གྱིས་སྐུལ་འདེད་བཏང་སྟེ། དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དེ་2012ལོའི་ལོ་མཇུག་གི་ཁྲི་750ནས་ཁྲི་497.65རུ་ཇེ་ཉུང་དུ་ཕྱིན་པ་དང་། དངུལ་པོར་འགྱུར་ཚད་དེ་བརྒྱ་ཆའི 11.5ནས་བརྒྱ་ཆའི7.7དུ་མར་ཆག་ཡོད།

   དབུལ་ཕོངས་དུད་ཚང་གི་ངོས་འཛིན་གནད་འཕིགས་དེ་ཁྱོན་ཡོངས་ནས་མངོན་འགྱུར་བྱས་པ་དང་། ཡུལ་ཁག་ཆེ་གྲས་བཞི་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་6684བཏང་། ལུའུ་པེན་གྱིས་ཕྱོགས་ལྔའི་ནང་དོན་ཐད་ནས་སི་ཁྲོན་གྱིས་གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་ལས་དོན་ཐད་ལ་སྤྱད་པའི་བྱེད་ཐབས་གཙོ་བོ་ངོ་སྤྲོད་བྱས།

གོམས་སྟབས་རྗེས་མའི་བཀོད་སྒྲིག་སྟེ། གནད་འཕིགས་དྲུག་ལ་དམ་པོར་དམིགས་པ་དང་། ཟབ་སྤེལ་དྲུག་ལ་ནུས་ཤུགས་ཡོད་རྒུ་འདོན་པ།

   ལུའུ་པེན་གྱིས་ངོ་སྤྲོད་བྱས་དོན། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྐབས་སུ་སི་ཁྲོན་ཞིང་ཆེན་གྱི་དབུལ་སྐྱོར་འགག་སྒྲོལ་ཐད་ལ་སྤྱི་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། དབུལ་སྐྱོར་དང་ཡུལ་མི་གནས་སྤོས་སྡེ་ཚན་གྱིས་ངེས་པ་དོན་གྱིས་འགན་ནུས་ལག་བསྟར་ བྱས་ནས། མཐའ་གཅིག་ཏུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་པ་དང་། གནད་འཕིགས་དྲུག་ལ་དམ་པོར་དམིགས་པ་ དང་། ཟབ་སྤེལ་དྲུག་ལ་ནུས་ཤུགས་ཡོད་རྒུ་བཏོན་ནས། ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་གི་སྲིད་ཇུས་ཅན་དང་། ལམ་ལུགས་ཅན།  བཀོལ་སྤྱོད་རུང་བ་ཅན། ལྟ་ཞིབ་ཚད་ལེན་ཆོག་པ་ཅན།  ཕན་འབྲས་ཅན་དང་གཞུང་ལུགས་ཅན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བཤད། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1