2022ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྒྲུབ་པའི་དབང་ཆ་པེ་ཅིང་ལ་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-02


        སྤྱི་ཟླ་7པའི་ཚེས་31ཉིན་གྱི་ཕྱི་དྲོར། ཐེངས་128པའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་མ་ལེ་ཞི་ཡའི་ཅེ་ལོན་ཕོའོ་ནས་འཚོགས་ཤིང་། ཚོགས་ཐོག་ཏུ་འདེམ་ཤོག་འཕངས་པ་བརྒྱུད་2022ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྒྲུབ་རྒྱུའི་དབང་ཆ་པེ་ཅིང་ལ་སྤྲོད་རྒྱུར་གྲོས་འཆམ་བྱུང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུང་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་བཏང་ནས་ཨོ་རྩལ་འགྲན་ཚོགས་ཀྱི་རེ་ཞུ་ཚོགས་པར་ལྷག་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་། པེ་ཅིན་གྱིས་ཀྲང་ཅ་ཁིག་དང་མཉམ་དུ་2022ལོའི་སྐབས་24པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྒྲུབ་པའི་དབང་ཆ་བརྩོན་ལེན་བྱས་ཏེ་རྒྱལ་ཁ་ཐོབ་པར་ལྷག་སེམས་འཁོར་བའི་རྟེན་འབྲེལ་ཞུས་པ་དང་། ཁྱོད་ཚོས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྒྲུབ་པའི་རེ་ཞུ་བྱ་བར་འབད་བརྩོན་ཆེན་པོ་བྱས་ཡོད་ལ། མ་འོངས་པར་ཡང་ཁྱོད་ཚོས་འབད་བརྩོན་ལྷོད་མེད་ངང་བྱ་བ་ལེགས་པོ་བསྒྲུབ་དགོས་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རྒྱབ་སྐྱོར་འོག་2022ལོའི་དགུན་ཁར་ཆེས་ངོ་མཚར་དང་ཁྱད་དུ་འཕགས་པའི་ཐུན་མོང་མ་ཡིན་པའི་ཨོ་རྩལ་འགྲན་ཚོགས་ཤིག་བསྒྲུབ་པར་འབད་པ་བྱ་དགོས་ཞེས་བསྟན། 

ཚེས་31ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅིའི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་པེ་ཅིན་ཨོ་ལིན་སྤྱི་གླིང་དུ་ཕེབས་ཏེ་དེ་གར་སྤེལ་བའི་དམངས་ཚོགས་ཀྱི་རྟེན་འབྲེལ་བྱེད་སྒོའི་སྟེང་ཞུགས་ཏེ་གཏམ་བཤད་གནང་བཞིན་པ། 

    ཚེས་31ཉིན་གྱི་དགོང་མོར། ཀྲུང་གུངཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅིའི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་པེ་ཅིན་ཨོ་ལིན་སྤྱི་གླིང་དུ་ཕེབས་ཏེ་དེ་གར་སྤེལ་བའི་དམངས་ཚོགས་ཀྱི་རྟེན་འབྲེལ་བྱེད་སྒོའི་སྟེང་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་པེ་ཅིང་གྲོང་ཁྱེར་དང་ཀྲང་ཅ་ཁིག་གྲོང་ཁྱེར་ལ་2022ལོའི་དགུན་པའི་ཨོ་རྩལ་འགྲན་ཚོགས་བསྒྲུབ་པའི་དབང་ཆ་ཐོབ་པར་རྟེན་འབྲེལ་ཞུས་པ་དང་ཨོ་རྩལ་རེ་ཞུ་བྱ་བར་འབད་བརྩོན་བྱས་པའི་བློ་མཐུན་ཡོངས་ལ་མཚམས་འདྲི་བྱས།  རྒྱལ་སྤྱིའི་ཨོ་རྩལ་ཨུ་ཡོན་ལྷན་ཁང་དང་རྒྱལ་སྤྱིའི་ལུས་རྩལ་རྩ་འཛུགས་སོ་སོ། དེར་མ་ཟད་ཨོ་རྩལ་འགྲན་ཚོགས་ཀྱི་རེ་ཞུ་བྱ་བར་རྒྱབ་སྐྱོར་དང་ཐུགས་ཁུར་མཛད་པའི་རྒྱལ་སྤྱིའི་མཛའ་མཐུན་གྲོགས་པོ་དང་རིགས་སོ་སོའི་གྲོགས་པོ། རྒྱ་ཆེའིེ་དམངས་ཚོགས་ཡོངས་ལ་སེམས་གཏིང་ནས་བཀའ་དྲིན་ཞུས། 

   ལིའུ་ཡུན་ཧྲན་གྱིས་བྱེད་སྒོའི་སྟེང་།  དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྒྲུབ་པའི་རེ་ཞུ་ནི་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་བཀོད་གལ་ཆེན་ཞིག་ཡིན་པར་མ་ཟད། མི་གྲངས་སྟོང་ཕྱུར་13གྱི་རེ་སྒུག་དང་སེམས་འདུན་ཡང་རེད། ཐེངས་འདིའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱིས་དགུན་ཁའི་འཁྱག་དར་ལུས་རྩལ་འགྲན་ཚོགས་དར་སྤེལ་དང་ཁྱབ་བརྡལ་དུ་གཏང་བ་དང་འཛམ་གླིང་གི་རིགས་སོ་སོའི་མི་དམངས་བར་གྱི་འབྲེལ་འདྲིས་དང་མཛའ་བརྩེ་གཏིང་ཟབ་ཏུ་གཏང་བར་ཕན་ནུས་གལ་ཆེན་འདོན་སྲིད། 2022ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྒྲུབ་པའི་དབང་ཆ་ཐོབ་པ་འདིས་ཨོ་རྩལ་འགྲན་ཚོགས་དང་འབྲེལ་བའི་བྱ་བ་འགོ་བརྩམས་དགོས་པ་མཚོན་ཡོད་ལ།  ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་གནང་བའི་ཏང་ཀྲུང་དབྱང་དང་མཐུན་སྒྲིལ་དམ་ཟབ་སྒོས་བྱ་བ་སོ་སོ་ནན་ཏན་ངང་བསྒྲུབ་སྟེ་ཆེས་ངོ་མཚར་དང་ཁྱད་དུ་འཕགས་པའི་ཐུན་མོང་མ་ཡིན་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཤིག་བསྒྲུབ་པར་འབད་པ་བྱ་དགོས་ཞེས་བསྟན།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1