བྱ་དགའ་གནང་བའི་མཛད་སྒོའི་ཡུལ་དངོས།
བྱ་དགའ་ཐོབ་མཁན་ཁུའུ་ཧྲི་ཉི་ཨེར་གྱིས་གཏམ་བཤད་པ།
ཅི་ཏིས་མཱ་ཅ་ཡིས་ཁུའུ་ཧྲི་ཉི་ཨེར་ལ་བྱ་དགའ་གནང་བཞིན་པ།
ཅི་ཏིས་མཱ་ཅ་ཡིས་བྱ་དགའ་གནང་བའི་ཞུ་ཚིག་ཕུལ།
སྤྱི་ཟླ8པའི་ཚེས8ཉིན། མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་ལྔ་བའི་བྱ་འགུལ་ཁྲོད་ཀྱི་ནང་དོན་གཙོ་བོ་ཞིག་ཡིན་པའི་གསེར་གཙོད་རྒྱལ་སྤྱིའི་སྙན་ངག་བྱ་དགའ་གནང་བའི་མཛད་སྒོ་མཚོ་སྔོན་པོའི་འགྲམ་དུ་བསྡུས། ཨུ་རུ་སིའི་སྙན་ངག་པ་གྲགས་ཅན་ཡ་ལིས་ཧྲན་ཏ་ཁུའུ་ཧྲི་ཉི་ཨེར་ལ་སྐབས་འདིའི་གསེར་གཙོད་རྒྱལ་སྤྱིའི་སྙན་ངག་བྱ་དགའ་ཐོབ། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། སྐབས་བཞི་བའི་གསེར་གཙོད་རྒྱལ་སྤྱིའི་སྙན་ངག་བྱ་དགའ་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། སྙན་ངག་པ་གྲགས་ཅན་ཅི་ཏིས་མཱ་ཅ་ཡིས་ཁུའུ་ཧྲི་ཉི་ཨེར་ལ་བྱ་དགའ་གནང་བར་མ་ཟད་ཞུ་ཚིག་ཕུལ། རྒྱལ་ཁབ44དང་ཀྲུང་གོ ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་གྱི་སྙན་ངག་པའི་འཐུས་མི180ལྷག་བྱ་དགའ་གནང་བའི་མཛད་སྒོར་ཞུགས།
ཅི་ཏིས་མཱ་ཅ་ཡིས་བྱ་དགའ་གནང་བའི་ཞུ་ཚིག་འབུལ་སྐབས་ཨུ་རུ་སིའི་སྙན་ངག་པ་གྲགས་ཅན་ཁུའུ་ཧྲི་ཉི་ཨེར་ནི་དུས་རབས་ཉི་ཤུ་བའི་ཆེས་ཕུལ་དུ་བྱུང་བའི་སྙན་ངག་པའི་ནང་གི་གཅིག་ཡིན་ལ། ཁོའི་སྙན་ངག་ནི་ཕུའུ་ཞི་ཅིན་གྱི་སྙན་ངག་རིག་པ་དང་ཨ་ཁི་མཱེ་རིང་ལུགས་ཀྱི་སྙན་ངག་རིག་པ་གཉིས་ཟུང་འབྲེལ་བཟང་བོ་བྱས་པ་ཡིན་ཞེས་གདེང་འཇོག་མཛད།
ཁུའུ་ཧྲི་ཉི་ཨེར་གྱིས་བཤད་རྒྱུར། ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་སྙན་ངག་གི་ལོ་རྒྱུས་ལྡན་པའི་ཀྲུང་གོ་ནས་སྙན་ངག་བྱ་དགའ་ཐོབ་པ་ནི་ང་རང་ལ་མཚོན་ན་གཟི་བརྗིད་ཧ་ཅང་ཆེན་པོ་ཞིག་ཡིན་པས། ངས་གསེར་གཙོད་བྱ་དགའ་དཔྱད་འདེམ་ཨུ་ཡོན་ལྷན་ཁང་ལ་སེམས་གཏིང་ནས་བཀའ་དྲིན་ཞུས་པ་ཡིན་ཟེར།