རྔ་བའི་ཧུང་ཡོན་ལ་མཐོ་སྒང་གི་རྟ་རྩལ་གྱི་རྟེན་གཞི་ཞེས་པའི་མཚན་སྙན་ཐོབ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-14


རྟ་གོང་གི་འཁྲབ་སྟོན།

  ཉེ་ལམ་རྔ་བ་ཁུལ་ཧུང་ཡོན་རྫོང་གིས་སྤེལ་བའི་མུ་འབྲེལ་བྱེད་སྒོ་ལས་གེ་སར་གྱི་ཕ་སར་སྐྱོད་པ——རྟ་གོང་གི་ལང་ཚོ་ཞེས་པའི་རིག་གཞུང་རྟོག་ཞིབ་བྱེད་སྒོའི་སྟེང་། སི་ཁྲོན་ཞིང་ཆེན་རྟ་རྩལ་འགྲན་ཚོགས་ཀྱི་ཀྲུའུ་ཞི་ཧྲ་ཡིང་གིས་ཚོགས་ཐོག་ཏུ་ཧུང་ཡོན་ལ་སི་ཁྲོན་ཞིང་ཆེན་གྱི་མཐོ་སྒང་རྟ་རྩལ་སྦྱོང་བརྡར་གྱི་རྟེན་གཞིའི་མཚན་སྙན་གནང་བར་ཁྱབ་བསྒྲགས་བྱས། 

རྟ་གོང་གི་འཁྲབ་སྟོན།

  ཧུང་ཡོན་རྫོང་དུ་1985ལོར་བཙུགས་པའི་གཞི་རིམ་གྱི་རྟ་རྩལ་རུ་ཁག་ཅིག་ཡོད་ལ། སྔོན་ཆད་རྟ་རྩལ་རུ་ཁག་དེས་སི་ཁྲོན་ཞིང་ཆེན་གྱི་ཚབ་བྱས་ཏེ་རྒྱལ་ཡོངས་ཀྱི་སྐབས་ལྔ་པ་དང་དྲུག་པ། བདུན་པ། བརྒྱད་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་བསྡུར་སྟེང་ཞུགས་ཏེ་གསེར་གྱི་རྟགས་མ་བཞི་དང་དངུལ་གྱི་རྟགས་མ་ལྔ། ཟངས་ཀྱི་རྟགས་མ་བཅུ་དྲུག་བཅས་གཡུར་དུ་ཟ་བའི་འབྲས་བུ་བླངས། དུས་དེ་ནས་བཟུང་སི་ཁྲོན་ཞིང་ཆེན་གྱི་རྟ་རྩལ་འགྲན་ཚོགས་ཀྱིས་ལོ་རྒྱུས་ཀྱི་དུས་རིམ་གསར་བ་ཞིག་གིས་མདུན་བསུས་པ་རེད། ད་ལྟ་ཧུང་ཡོན་རྫོང་གི་གཞི་རིམ་རྟ་རྩལ་ཚོགས་པར་རྒོད་པོའི་གཤོག་འགྱུར་དང་ཁུ་བྱུག་རྒྱང་སྐྱོད། རྟ་ཕོའི་འཕུར་སྐྱོད་བཅས་འཁྲབ་སྟོན་སོ་དྲུག་ལྷག་ཡོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1