སྤྱི་ཟླ་8པའི་ཚེས་17ཉིན་གྱི་དགོང་མོར། ཐེ་ལན་དི་རྒྱལ་ཁབ་ཀྱི་རྒྱལ་ས་པང་ཁོག་གི་མིང་དུ་གྲགས་པའི་ལྗོངས་ཁུལ་ཕྱོགས་བཞིའི་རྒྱལ་བའི་ཉེ་འགྲམ་དུ་འབར་གས་ཀྱི་དོན་རྐྱེན་བྱུང་། དོན་རྐྱེན་ཁྲོད་མི་22རྐྱེན་ལམ་དུ་ཤོར་བ་དང་མི་123ལ་རྨས་ལྗིད་མོ་ཕོག རྐྱེན་ལམ་དུ་ཤོར་བའི་ཁྲོད་དུ་མི་གསུམ་ཀྲུང་གོའོ་ཡུལ་སྐོར་བ་ཡིན་འདུག མིག་སྔར་འབར་གས་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་རེད། །