སི་ཁྲོན་གསར་འགྱུར་དྲ་བའི་གསར་འགོད་པས་ཞིང་ཆེན་མི་དམངས་སྲིད་གཞུང་ཁང་གི་ཆུ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། སི་ཁྲོན་ཞིང་ཆེན་ལ་ཆུ་འབྲུབ་རྒྱས་ཚུན་གྱི་ཐེངས་གཉིས་པའི་ས་ཁོངས་རང་བཞིན་གྱི་དྲག་ཆར་བབས། ཚེས་17ཉིན་གྱི་ཆུ་ཚོད་10པའི་བར་དུ། ཞིང་ཆེན་ཡོངས་སུ་ཡེ་པེན་དང་ནན་ཁྲུང་། སེ་ནེན་སོགས་གྲོང་ཁྱེར་3དང་རྫོང་ཁག་10(གྲོང་ཁྱེར། ཁུལ།)གྲོང་གསེབ་59ནང་གི་མི་ཁྲི་5.28ལ་གནོད་འཚེ་ཕོག ས་ཁུལ་ཁ་ཤས་ལ་ཚད་མི་འདྲ་བའི་ཆུ་ལོག་གིས་གནོད་འཚེ་ཕོག
སི་ཁྲོན་གསར་འགྱུར་དྲ་བའི་གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། ཟླ་8པའི་ཚེས་14ཉིན་ནས་བཟུང་། སི་ཁྲོན་ཞིང་ཆེན་གྱི་ས་ཆ་མང་ཆེ་བ་ཞིག་ལ་གཞི་རྒྱ་ཆེ་བའི་དྲག་ཆར་བབས་ཡོད། ས་ཁུལ་གྱི་ནུབ་རྒྱུད་དང་ཤར་རྒྱུད། ལྷོ་རྒྱུད་གྱི་ས་ཁུལ་ཁ་ཤས་ལ་དྲག་ཆར་ཆེན་པོ་བབས། མེན་ཡང་། སེ་ནེན། ཁྲེན་ཏུའུ། ནན་ཁྲུང་། ཙི་ཡང་། ཡེས་པེན། ཏེ་ཡང་སོགས་ལ་དྲག་ཆར་ཆེན་པོ་བབས་ཡོད།
ད་ཐེངས་ཀྱི་དྲག་ཆར་ལ་ཁ་གཏད་ནས་གནམ་གཤིས་གནོད་འཚེ་ལ་སྔོན་འགོག་ཡག་པོ་སྒྲུབ་ཆེད། སི་ཁྲོན་ཞིང་ཆེན་གནོན་འཚེ་སྔོན་འགོག་གཞུང་ལས་ཁང་གིས་སྔོན་ལ་གོ་སྒྲིག་བྱས་པ་ལྟར་ན། གནམ་གཤིས་དང་ཆུ་དཔྱད་སྡེ་ཚན་མཉམ་འབྲེལ་ཤུགས་སྣོན་རྒྱག་པ་དང་། དྲག་ཆར་འབབ་པའི་གནས་ཚུལ་དང་བསྟུན་ནས་འབྲེལ་ཡོད་གྱི་བརྡ་གཏོང་བ་དང་། ས་ཆ་ཁ་ཤས་ཀྱི་ལས་རེས་གནས་ཚུལ་ལ་ཞིབ་དཔྱད་བྱས། གྲོང་ཁྱེར་དང་ཁུལ་ནས་གྲོང་གསེབ་ཚང་མས་མཁོ་བསྟུན་ལས་རེས་དང་ཞིབ་དཔྱད་ལ་ཤུགས་སྣོན་རྒྱག་དགོས་པའི་རེ་བ་ནན་མོ་བཏོན།
ཞིང་ཆེན་གནམ་གཤིས་ཅུས་གྱིས་སྔོན་དཔག་བྱས་པ་ལྟར་ན། ཚེས་17ཉིན་གྱི་སྔ་དྲོ་ཆུ་ཚོད་8དང་ཚེས་18ཉིན་གྱི་ཕྱི་དྲོ་ཆུ་ཚོད་8པའི་སྐབས། ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཤོས་ཤིག་ལ་དྲག་ཆར་བབས་པ་དང་། ཚེས་18ཉིན་གྱི་སྔ་དྲོ་ཆུ་ཚོད་8ནས་20བར་དུ། ཞིང་ཆེན་གྱི་ཤར་ཕྱོགས། ལྷོ་ཕྱོགས་སུ་དྲག་ཆར་བབས། ཚེས་18ཉིན་གྱི་དགོང་མོར། ད་ཐེངས་ཀྱི་དྲག་ཆར་བརྒྱུད་རིམ་དེ་མཇུག་སྒྲིལ། མིག་སྔར། ས་གནས་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་འབྲུབ་འགོག་གནས་ཚུལ་གྱི་འཕེལ་ཕྱོགས་ལ་དོ་ཁུར་ཆེན་པོ་བྱས་པ་དང་། ཉེན་ཁའི་འགེག་སེལ་གྱི་ལས་ཀ་ཁག་ལ་ནུས་ཤུགས་ཡོད་པའི་སྒོ་ནས་ལས་དོན་ཡག་པོ་བསྒྲུབས། འབྲེལ་ཡོད་གནས་ཚུལ་ལ་བསྡོམས་རྩིས་དང་དོན་དངོས་ལ་དཔྱད་བརྗོད་བྱེད་བཞིན་ཡོད།།