སྤྱི་ཟླ་8པའི་ཚེས་18ཉིན། སྐབས་བཅུ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་མུ་ཏིག་སྤོ་ལོའི་རྟིང་རྩོད་འགྲན་བསྡུར་ནང་སོག་རང་སྐྱོང་ལྗོངས་ཨུག་ཨར་ཏོ་སི་ནས་སྤེལ། འགྲན་ཡུན་སྐར་མ་30ཡི་འགྲན་བསྡུར་བརྒྱུད་མཇུག་མཐར་55:53ཡི་གྲུབ་འབྲས་ཀྱིས་ཀོང་ཞི་རུ་ཁག་ལས་རྣམ་པར་རྒྱལ།
ཐེངས་འདིའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་སྟེང་རྔ་བ་ཁུལ་གྱི་ལུས་རྩལ་པས་སི་ཁྲོན་ཞིང་ཆེན་གྱི་ཕོ་མོའི་མུ་ཏིག་སྤོ་ལོ་རུ་ཁག་གི་འཐུས་ཚབ་བྱས་ཤིང་2014ལོའི་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་རུ་ཁག་གི་རྨང་གཞིའི་སྟེང་ཕུལ་བྱུང་ལུས་རྩལ་པ་འགའ་ཁ་སྣོན་བྱས་ཏེ་སི་ཁྲོན་ཞིང་ཆེན་གྱི་མུ་ཏིག་སྤོ་ལོའི་རུ་ཁག་གྲུབ་ཅིང་ཐེངས་འདིའི་འགྲན་ཚོགས་སྟེང་གྲུབ་འབྲས་བཟང་པོ་བླངས་པ་རེད། །