ཚེས་18ཉིན་གྱི་ཆུ་ཚོད་18དང་སྐར་མ་40ཙམ་དུ། སི་ཁྲོན་གསར་འགྱུར་དྲ་བའི་གསར་འགོད་པས་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་ཆུ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བ་ལྟར། ཚེས་18ཉིན་གྱི་དུས་ཚོད་16སྟེང་ཆར་བ་འབབ་ཚུལ་གྱི་གནས་ཚུལ་གསར་ཤོས་སྙན་ཞུ་བྱས་པ་ལྟར་ན། ད་བར་དུ་སི་ཁྲོན་གྱི་གྲོང་ཁྱེར་6དང་རྫོང་ཁག་16 ཞིང་གྲོང་162ཁྱོན་བསྡོམས་མི་ཁྲི་56.4ལ་གནོན་འཚེ་ཕོག་པ་དང་། ཐད་ཀར་དཔལ་འབྱོར་གྱི་གྱོང་གུད་བསྡོམས་པའི་སྒོར་དུང་ཕྱུར2.1ལ་སླེབས།།