རྔ་བ་རྫོང་གིས་ཁྲིམས་ལུགས་ཤེས་བྱ་སློབ་གྲྭར་བསྐྱལ་བའི་དྲིལ་བསྒྲགས་བྱ་འགུལ་སྤེལ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-27


     ཉེ་ཆར།  རྔ་བ་རྫོང་གི་སྲིད་ཁྲིམས་ཉེན་རྟོག་ལས་བྱེད་པ་ཚོ་རྔ་བ་རྫོང་གི་སྐད་གཉིས་སློབ་འབྲིང་ནང་དུ་སོང་ནས། ཁྲིམས་ལུགས་ཤེས་བྱ་སློབ་གྲྭར་བསྐྱེལ་བའི་ཁྲིམས་ལུགས་སློབ་གསོའི་དྲིལ་བསྒྲགས་བྱ་འགུལ་སྤེལ། 

     བྱེད་སྒོའི་ཁྲོད་དུ་ཁྲིམས་ལུགས་ལས་བྱེད་པས་སྲིད་ཁྲིམས་དང་མཉམ་དུ་ལང་ཚོའི་གོམ་པ་རེ་རེ་ལེགས་པོར་སྐྱོད་ཞེས་པ་བརྗོད་དོན་གཙོ་བོ་དང་། གྱོད་དོན་ལ་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་རྒྱག་ཅེས་བའི་རྣམ་པར་བརྟེན། ཉེ་བའི་ལོ་ཤས་རིང་ལ་བསྒྲུབས་པའི་ལོ་ན་མ་སོན་པའི་ན་གཞོན་ཚོའི་ཉེས་བསགས་དང་གནོད་འཚེ་ཕོག་མཁན་ཚོའི་གྱོད་གཞི་ལ་ཟུང་འབྲེལ་བྱས་ཏེ། ན་གཞོན་ཚོའི་ཉེས་གསོག་གི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་མོ་བྱས་ནས། ཅི་འདྲ་བྱས་ནས་ཁྲིམས་འགལ་ཉེས་གསོག་བྱ་བ་སྔོན་འགོག་བྱེད་པ་དང་དེ་རིགས་ཀྱིས་གནོད་འཚེ་གཏོང་བ་ལ་སྔོན་འགོག་གི་ཐབས་ལམ་དང་བསམ་འཆར་བཏོན། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1