འགྲུབ་འབྲས་འགྲེམས་སྟོན་ཁྲོད་ཀྱི་གལ་ཆེའི་ཆ་ཤས་གཙོ་བོ་ཞིག་ཏུ་བརྩི་བའི་རིག་གནས་འགྲེམས་སྟོན་དུ། རྔ་བ་ཁུལ་གྱི་སྒྱུ་རྩལ་གསར་རྩོམ་དང་སྤྱི་པའི་རིག་གནས་ཞབས་ཞུ། རིག་གནས་ཤུལ་བཞག་སྲུང་སྐྱོབ། རིག་གནས་ཐོན་ལས་འཕེལ་རྒྱས། རིག་གནས་སྤེལ་རེས་སོགས་ཀྱི་ཐད་ལ་ཐོབ་པའི་འགྲུབ་འབྲས་དེ་དག་སྟོན་རྒྱུ་ཡིན།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་སྟེང་། རྔ་བའི་ས་གནས་ཐོག་གི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་བྱས་ལ། དེ་ལས་གསོན་ཉམས་དོད་པའི་སྒོ་ནས་རྔ་བ་ཁུལ་གྱི་རིག་གནས་བྱ་གཞག་འཕེལ་རྒྱས་གྲུབ་འབྲས་འགྲེམས་སྟོན་བྱས།
མིག་སྔར། འཁྲབ་སྟོན་ལ་ཞུགས་པའི་འཁྲབ་སྟོན་པ་དང་ལེ་ཚན་ཇུས་འགོད་སོགས་ཀྱི་ལས་དོན་ལེགས་གྲུབ་བྱུང་ཟིན། ཐེངས་འདིའི་འཁྲབ་སྟོན་གྱི་ནང་དོན་ནི་བོད་རིགས་དང་ཆའང་རིགས་ཀྱི་ཞབས་བྲོ། དམངས་ཁྲོད་རོལ་ཆས། བོད་ཆའང་རྒྱན་གོས་སོགས་འཁྲབ་སྟོན་བྱས་ཤིང་། འཁྲབ་སྟོན་དཔུང་ཁག་ནི་གཙོ་བོ་རྔ་བ་ཁུལ་གྱི་གླུ་གར་ཚོགས་པས་འཁྲབ་སྟོན་རྨང་གཞི་བྱས་ནས་ཁུལ་ཡོངས་ཀྱི་གཞོག་འདེགས་བྱས་ལ། བོད་ཆའང་རྒྱན་གོས་འཁྲབ་སྟོན་མང་ཚོགས་ཀྱི་འཁྲབ་སྟོན་པ་དག་ཡིན། དུས་མཚུངས་སུ་རྔ་བ་ཁུལ་གྱི་གླུ་བ་སྟེ་ད་ལྟ་པེ་ཅིང་དུ་གནས་པའི་གཞས་པ་གྲགས་ཅན་དག་གདན་འདྲེན་བྱས་ཡོད།