རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པས་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-30




  སྤྱི་ཟླ་8་པའི་ཚེས་29་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་བཙོག་ཆུ་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་པ་དང་མཉམ་དུ་ཆེད་དོན་འདྲི་གཅོད་བྱས། ཀྲང་ཏི་ཅང་གྲོས་ཞིབ་དང་འདྲི་གཅོད་བྱེད་པར་ཞུགས།  
  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པས་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་བཙོག་ཆུ་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་པ་དང་མཉམ་དུ་ཆེད་དོན་འདྲི་གཅོད་བྱས། ཀྲང་ཏི་ཅང་གྲོས་ཞིབ་དང་འདྲི་གཅོད་བྱེད་པར་ཞུགས།
ཨུ་ཡོན་ཀུའུ་ཧྲིན་ཙུའུ་ཡིས་གོ་རིམ་རྗེས་མར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཙོག་ཆུ་འགོག་བཅོས་བྱ་བ་བཟང་བོར་སྒྲུབ་པའི་ཐད་ལ་བྱེད་ཐབས་དང་བཀོད་སྒྲིག་གང་དག་ཡོད་ཅེས་དྲིས་པ་དང་། ཨུ་ཡོན་ལིག་ཏི་ཕེས་ཀྱིས་སྔོན་འགོག་གཙོ་ཡིན་པའི་རྩ་དོན་ཇི་ལྟར་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལག་བསྟར་བྱ་བའི་ཁྲོད་བྱེད་ཐབས་གང་དག་ཡོད་ཅེས་དྲིས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་གྲོས་ཚོགས་སུ་ཞུགས་ཏེ་ཨུ་ཡོན་རྣམས་ཀྱི་དྲི་བར་ལན་བཏབ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1