གངས་ལྗོངས་ས་མཐོའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལེའུ་གསར་བ་རྩོམ་འབྲི་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-07


བློ་མཐུན་ཞི་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་འཕེལ་རྒྱས་ལ་ཐུགས་ཁུར་གནང་བའི་དངོས་བྲིས། 

      ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་དོན་དངོས་ལ་གཞི་ཚུགས་ཏེ། ཕུགས་འདུན་ལ་དམིགས་པ་དང་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ཡུན་རིང་བདེ་འགོད་ཡོང་རྒྱུར་ཇུས་འགོད་གཏིང་ཟབ་བྱས་པ་དང་། ཇུས་ཆོད་དང་བཀོད་སྒྲིག་རབ་དང་རིམ་པ་ཞིག་གཏན་འབེབས་བྱས། གངས་ལྗོངས་ས་མཐོར་འབྱུང་འགྱུར་ལ་ཁ་ཕྱོགས་པའི་བརྗིད་ཆེའི་དཔེ་རིས་བཀོད། དེས་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་སྤྱི་ཚོགས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསར་དོད་པོས་མཐོ་རུ་འགྲོ་བ། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་སྲིང་བརྟན་བརླིང་གི་རྣམ་པ་གསར་པ་ཞིག་བཀོད། 

    སྟོན་གྱི་དུས་འདིར། བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་50འཁོར་བའི་རྟེན་འབྲེལ་མཛད་སྒོ་བསུ་ཞིང་། གྲོལ་མ་ཐག་པའི་ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁྲིམས་ལྟར་བོད་སྐྱོང་དང་། རྨང་གཞི་བརྟན་དུ་གཏོང་རྒྱུ། བོད་ལྗོངས་སུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཀྱི་ལེ་ཚན་གསར་བ་ཞིག་བྲི་བཞིན་ཡོད། 

    མཐའ་མཚམས་སྐྱོང་ནས་བོད་ལྗོངས་བརྟན་ལྷིང་ཡོང་བར་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གཟིགས་རྒྱང་རིང་པོ་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་དུས་བབ་གསར་བའི་འོག་བོད་ཀྱི་ལས་ཀ་སོགས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། 

    བརྩེ་སེམས་ལྷད་མེད་མཐོ་སྒང་ལ་འབྲེལ། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ཁག་གི་མང་ཚོགས་སུ་གཏིང་ཟབ་ངང་ཞུགས་པ་དང་། བོད་ལྗོངས་ཀྱི་ལས་ཀ་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་ཐུགས་ཁུར་གནང་བ། 

    མང་ཚོགས་ཀྱི་མངག་བཅོལ་བློ་བརྟན་བྱས་པ། བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པས་མང་ཚོགས་ཀྱི་མངག་བཅོལ་བློ་བརྟན་བྱས་པ་དང་། སྙིང་སྟོབས་ཆེ་རུ་བསྐྱེད་ནས་ཏང་གི་བོད་སྐྱོང་འཐབ་ཇུས་ཀྱི་སློབ་སྟོན་ཡང་དག་འོག་སྤོབས་པས་ཁེངས་ཤིང་མདུན་དུ་སྐྱོད་པ། 

    བོད་སྐྱོང་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུད་འཛིན་བྱས་ནས། དུས་རབས་གསར་བའི་ནང་དོན་དང་ཟུང་འབྲེལ་བྱས་པ་དང་། བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློའི་འཁྱེར་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་། ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་བྱས་པ། རང་སྐྱོང་ལྗོངས་ཏང་ཨུའི་འགོ་ཁྲིད་འོག འཕེལ་རྒྱས་བརྟན་བརླིང་གི་ལས་ཀ་ཁག་ངེས་པ་དོན་གྱིས་ཡག་པོ་སྒྲུབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད། 

 

      ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འགག་གནས་ཐོག འཆམ་མཐུན་བརྟན་བརླིང་གི་བོད་ལྗོངས། མི་རིགས་མཐུན་སྒྲིལ་གྱི་བོད་ལྗོངས། ཆོས་ལུགས་འཆམ་མཐུན་གྱི་བོད་ལྗོངས། དམངས་འཚོ་ལེགས་བཅོས་ཀྱི་བོད་ལྗོངས། མཐའ་མཚམས་སྲ་བརྟན་གྱི་བོད་ལྗོངས། སྐྱེ་ཁམས་ལེགས་བཀོད་ཀྱི་བོད་ལྗོངས། ལས་ལ་བརྩོན་ཞིང་ཞི་ཞིང་དུལ་བའི་བོད་ལྗོངས་མི་དམངས་དང་རྒྱལ་ཡོངས་མི་དམངས་མཉམ་དུ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་འོད་སྟོང་ལྡན་པའི་བགྲོད་ལམ་ཐོག་བསྐྱོད་པ་དང་། བོད་ལྗོངས་ཀྱི་མཛེས་སྡུག་དང་འབྱོར་ཕྱུག་དེ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཁྲོད་ཀྱི་ཐུན་མིན་གྱི་མཛེས་ལྗོངས་ཤིག་ཏུ་གྲུབ་པ་དང་། སའི་གོ་ལའི་ཡང་རྩེ་རུ་ཀྲོང་ངེར་ལངས་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1