ལིའུ་ཆི་པའོ་དང་ཝང་ཀྲེན་ཝེ་གཉིས་ཀྱིས་མཛེས་སྡུག་གི་རྔ་བ། པེ་ཅིང་གི་འདུ་འཛོམས་ཞེས་པའི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-07



        སྤྱི་ཟླ་8པའི་ཚེས་5ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།  ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལིའུ་ཆི་པའོ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཀྲེན་ཝེ་གཉིས་ཀྱིས་མཛེས་སྡུག་གི་རྔ་བ། པེ་ཅིང་གི་འདུ་འཛོམས་ཞེས་པའི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་། 

        ཐེངས་འདིའི་འགྲེམ་སྟོན་ནི་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་ཞིང་། རྔ་བ་ཁུལ་གྱི་ཁུལ་བཙུགས་ནས་ད་ལྟའི་བར་གྱི་འཛུགས་སྐྲུན་དང་བཅོས་བསྒྱུར། འཕེལ་རྒྱས་མཚོན་པར་བྱས་པ་བརྒྱུད་ཕྱོགས་བསྡུས་ཀྱིས་མི་རིགས་སོ་སོ་འཆམ་མཐུན་ངང་འཚོ་ཞིང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་མངོན་པར་བྱས་ཡོད། ཐེངས་འདིའི་འགྲེམ་སྟོན་བྱེད་སྒོ་འདི་སྤྱི་ཟླ་9པའི་ཚེས་4ནས་དངོས་སུ་འགོ་ཚུགས་པ་ནས་བཟུང་ལྟད་མོ་བ་མང་པོ་ཞིག་གི་ཡིད་སེམས་འཕྲོག
         གཟིགས་ཞིབ་གནང་སྐབས། ལིའུ་ཆི་པའོ་ཡིས་ས་གནས་དེ་གའི་དམངས་འཚོའི་ལེགས་བཅོས་དང་སྐྱེ་ཁམས་འཛུགས་སྐྲུན་ལ་ཐུགས་ཁུར་གནང་། རྔ་བ་ཁུལ་དུ་ལོ་ན་18མན་གྱི་ན་གཞོན་ལ་རུས་ཆེན་གྱི་ནད་བྱུང་མེད་པ་ཤེས་རྗེས། ཁོང་གིས་འདི་ནི་གྲུབ་འབྲས་ཆེན་པོ་ཞིག་རེད། མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་འཕྲོད་བསྟེན་འགན་སྲུང་། གནས་སྤོ་ཡུལ་མི་སོགས་ཀྱི་ལས་དོན་ལག་བསྟར་ལེགས་པོ་བྱ་དགོས་པ་དང་། རྔ་བ་ཁུལ་གྱི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ལ་མཛེས་ལྗོངས་ལྟ་ན་སྡུག མ་འོངས་པར་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ། འབད་པ་ཆེན་པོས་རྨོ་སྐྱུར་ནགས་གསོ་དང་བརླན་ས་སྲུང་སྐྱོབ་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས་ཞེས་བསྟན། 

  ལིའུ་ཆི་པའོ་ཡིས་རྔ་བ་ཁུལ་གྱི་མ་འོངས་པའི་འཕེལ་རྒྱས་ལ་རེ་བ་ཆེན་པོ་བཅངས་ཡོད་ལ། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་ཀའི་གྲོས་ཚོགས་སྟེང་གསུངས་པའི་དགོངས་དོན་གལ་ཆེན་ལག་ལེན་དུ་བསྟར་དགོས་པ་དང་བོད་སྐྱོང་འཐབ་ཇུས་རྒྱུན་འཁྱོངས་བྱ་བ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་ལངས་ཕྱོགས་དམ་པོར་སྲུང་རྒྱུ་ནི་ལས་ཀའི་གནད་འཛིན་ས་དང་ཤུགས་རྒྱག་ས། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགོ་ཚུགས་ས་དང་གཞི་འབབ་ས་ཡིན་པ་དང་། ཁ་བྲལ་ལ་ངོ་རྒོལ་བྱ་དགོས་པ་དང་། སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོའི་འགན་སྲུང་གི་བྱ་བ་ནན་གྱིས་བསྒྲུབ་སྟེ་སྤྱི་ཚོགས་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་མངོན་གྱུར་བྱ་དགོས་ཞེས་ནན་གྱིས་བསྟན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1