རྒྱལ་ཡོངས་ཀྱི་སྐབས་དགུ་བའི་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་ཁྲེན་ཏུའུ་འགྲན་ཁུལ་གྱི་ཆུ་རྐྱལ་འགྲན་ར་ནས་གཏམ་བཟང་ཡང་ཡང་བསྒྲགས་བྱུང་།
སྤྱི་ཟླ་9བའི་ཚེས་12ཉིན་གྱི་ཕྱི་དྲོར། ཁྲེན་ཏུའུ་གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་ཆུ་རྐྱལ་ར་བ་ནས། འགྲན་བསྡུར་རྣམ་གྲངས་21གི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ཁྲོད་ལུས་རྩལ་པ་10བཅུ་ལྷག་གིས་སྔ་རྗེས་སུ་འཛམ་གླིང་ཟིན་ཐོ་དང་རྒྱལ་ཡོངས་ཟིན་ཐོ་བརྒལ། དེས་རང་རྒྱལ་གྱི་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་པ་ཡིས་ཡར་ཐོན་ལྷུར་ལེན་དང་འབད་བརྩོན་ལྷོད་མེད། ཟམ་མི་ཆད་པར་རང་ཉིད་ལ་འགྲན་སློང་བྱེད་པའི་སྙིང་སྟོབས་མངོན་ཡོད།