སྤྱི་ཟླ་9པའི་ཚེས་12ཉིན་རྒྱ་གར་དཀྱིལ་དབུས་གྲོང་ཁྱེར་གྱི་ཟ་ཁང་ཞིག་ཏུ་གས་གཏོར་དོན་རྐྱེན་བྱུང་སྟེ་མི་104རྐྱེན་ལམ་དུ་ཤོར་བ་དང་མི་150ལ་རྨས་སྐྱོན་ལྕི་མོ་ཕོག
ཡུལ་དངོས་ཀྱི་མི་ཞིག་གིས་རྒྱ་གར་སྐབས་དོན་ཚགས་པར་གྱི་གསར་འགོད་པར་བཤད་པའི་གནས་ཚུལ་ལྟར་ན། གས་གཏོར་མ་བྱུང་བའི་སྔོན་དུ་གས་གཏོར་གྱི་སྒྲ་ཆུང་ཆུང་ཞིག་གྲགས་ཤིང་དེ་ནས་སྐར་མ་འགའ་འགོར་རྗེས་གས་སྒྲ་ཆེན་པོ་ཞིག་གྲགས་པ་དང་ལྷན་དུ་ཁང་བརྩེགས་བརྡིབས་ཤིང་མི་བཅུ་ལྷག་བརྡིབས་འོག་ཏུ་ཤོར་ཞིང་མི་མང་པོ་ཞིག་བདེ་འཇགས་གནས་ཁུལ་དུ་བྲོས་ནས་ཉེན་ཁ་ལས་གཡོལ་ཐབས་བྱས།
རྒྱུས་ལོན་བྱས་པ་ལྟར་ན་ཐེངས་འདིའི་གས་གཏོར་དོན་རྐྱེན་ནི་སོལ་རླངས་ལས་བསླངས་བ་ཡིན་ལ། མིག་སྔར་མི་104རྐྱེན་ལམ་དུ་ཤོར་བ་དང་མི་150ལ་རྨས་སྐྱོན་ལྕི་མོ་ཕོག་འདུག་ལ། འཚོལ་སྐྱོབ་མི་སྣས་མྱུར་སྐྱོབ་དང་འཚོལ་སྐྱོབ་བྱེད་བཞིན་པའི་སྒང་རེད།
རྒྱ་གར་གྱི་ཙུང་ལི་མོའོ་ཏེ་ཡིས་དྲ་ལམ་ནས་གས་གཏོར་དོན་རྐྱེན་དང་འབྲེལ་བའི་གསལ་བསྒྲགས་བྱས་པ་སྟེ་ཁོང་གིས་གས་གཏོར་དོན་རྐྱེན་འདིས་བདག་ལ་སྡུག་བསྔལ་ཆེན་པོ་སྐྱེས་སུ་བཅུག ངས་རྐྱེན་ལམ་དུ་ཤོར་བའི་མི་དག་གི་ཁྱིམ་མིར་སེམས་གཏིང་ནས་འཚམས་འདྲི་དང་མྱ་ངན་ཞུས་པ་དང་རྨས་མ་དག་མགྱོགས་མྱུར་ངང་བདེ་ཐང་ཡང་བའི་སྨོན་འདུན་ཞུས་པ་ཡིན། སྲིད་གཞུང་གིས་དོན་རྐྱེན་བྱུང་རྐྱེན་ལ་རྟོག་ཞིབ་ནན་མོ་བྱ་ངེས་ཡིན་ཞེས་བཤད།།