ཚོགས་འདུར་ཞུགས་མཁན་གྱི་ཆེད་རམས་པ་དང་དགེ་རྒན་ཆེན་མོ་བས་བསམ་བློ་བརྗེ་རེས་དང་ཚོགས་ཆུང་ཁག་བགོས་ནས་གྲོས་བསྡུར་སྤེལ་རེས་བྱས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་60ལྷག་གི་རིང་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་གྱི་སློབ་གསོ་བདེ་བླག་ངང་འཕེལ་རྒྱས་ཡོང་བར་ཁས་ལེན་གང་ལེགས་བྱས། རྔ་བ་ཁུལ་གྱི་སྐད་གཉིས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་ཐད་ཚད་མཐོའི་གདེང་འཇོག་བྱས་ཡོད། ཆེད་རམས་པ་དག་གིས། སྐབས་སོ་སོའི་རིང་གི་རྔ་བ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག རྔ་བ་ཁུལ་གྱི་སློབ་གསོར་འགོ་རགས་ཙམ་བཙུགས་པ་ནས་རིམ་པ་ཆ་ཚང་བ་དང་། གཞི་ཁྱོན་འོས་འཚམ། སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྔ་བའི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སློབ་གསོའི་མ་ལག་བསྐྲུན་ཡོད། སྐད་གཉིས་སློབ་གསོ་གཏོང་རྒྱུ་དེ་རྔ་བ་ཁུལ་གྱི་མི་རིགས་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དཀྱུས་མའི་སློབ་ཁྲིད་བྱེད་སྟངས་གཙོ་བོ་ཡིན་པས། ལོ་མང་རིང་གི་འཚོལ་ཞིབ་དང་འཕེལ་རྒྱས་བརྒྱུད། སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་གསོ་བར་ཅུང་ཆ་ཚང་བའི་སྐད་གཉིས་སློབ་གསོའི་མ་ལག་ཆགས་ཡོད། སློབ་ཁྲིད་བྱེད་སྟངས་རིགས་དང་པོའི་སློབ་གྲྭ་འབྲིང་ཆུང་གི་སློབ་གཉེར་ས་ཚིགས་66དང་། སློབ་ཁྲིད་བྱེད་སྟངས་རིགས་གཉིས་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་གཉེར་ས་ཚིགས་54ཡོད་པ་དང་། སློབ་གཉེར་གཞི་ཁྱོན་བརྟན་པོའི་ངང་རྒྱ་ཆེར་སོང་ཡོད། སྐད་རིགས་གཉིས་ཀྱི་སློབ་གྲྭའི་121ཡོད་པ་དང་། སློབ་གྲྭར་ཡོད་མུས་ཀྱི་སློབ་མ་35548ཡོད། དགེ་རྒན་གྱི་བྱང་ཚད་རིམ་བཞིན་ཇེ་མཐོར་འགྲོ་བ་དང་། སྐད་ཡིག་གཉིས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་1866ཡོད། དགེ་རྒན་གྱི་སློབ་གཉེར་བརྒྱུད་རིམ་གྱི་ཚད་གཞི་ལོན་ཚད་སློབ་ཆུང་ལ་99.11%དང་དམའ་རིམ་སློབ་འབྲིང་ལ་98.35%དང་། མཐོ་རིམ་སློབ་འབྲིང་ལ་83.33%ཟིན། སྐད་གཉིས་སློབ་གསོའི་སློབ་དེབ་འཛུགས་སྐྲུན་ལ་ཤུགས་སྣོན་ཐེབས་ཤིང་། ཐེངས་དང་པོར་བྱིས་པ་དང་སློབ་གྲྭ་འབྲིང་ཆུང་གི་བོད་ཡིག་ཀློག་དེབ་རྩོམ་སྒྱུར་ལས་དོན་དང་དེ་བཞིན་བོད་ཀྱི་རིག་གནས་སྐོར་གྱི་རང་ཡུལ་གྱི་སློབ་གཞི་ལས་འགོ་བཙུགས་པ་དང་། བྱིས་པ་དང་ཆུང་འབྲིང་སློབ་མའི་ཀློག་དེབ་རིགས་56རྩོམ་བསྒྱུར་བྱས་ནས་པར་སྐྲུན་བྱས་ཟིན་པ་རེད།
སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་ཆེན་པོ་སོང་བ་དང་། སྐད་གཉིས་དམའ་འབྲིང་གི་སློབ་མཐར་ཕྱིན་ཚད་95%དང་། སྐད་གཉིས་མཐོ་རིམ་སློབ་འབྲིང་དཀྱུས་མའི་མཐོ་རྒྱུགས་སློབ་མ་བསྡུ་ཚད་88%ཟིན་ཡོད། ཉེ་བའི་ལོ་4 ཙམ་གྱི་རིང་། རྔ་བ་ཁུལ་གྱིས་སློབ་ཁྲིད་བྱེད་སྟངས་གཉིས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་བསྡུའི་མི་གྲངས་མི་849དང་། དངོས་གཞིའི་ཚན་ཁག་གི་ཆ་སྙོམས་ཀྱི་སློབ་མ་བསྡུ་ཚད་29%ལ་སོན་ཞིང་། དངོས་གཞིའི་ཚན་ཁག་གི་སློབ་མ་བསྡུ་ཚད་ཞིང་ཆེན་ཡོངས་ཀྱི་རིགས་མཐུན་ཁྲོད་ཨང་དང་པོར་སླེབས་ཡོད།
རྔ་བ་ཁུལ་གྱི་སྐད་གཉིས་སློབ་གསོའི་ཡོངས་ཁྱབ་རང་བཞིན་དང་ས་ཁོངས་རང་བཞིན་གྱི་གནད་དོན་ལ་དམིགས་ཏེ། རིགས་གཅིག་མཁས་ཅན་གྱིས་ཁྱོན་ཡོངས་ནས་ལེགས་སྒྲིག་བྱས་པར། རྒྱུན་རྣམ་གསར་པའི་འོག་ཇི་ལྟར་བྱས་ནས་བོད་རིགས་ས་ཁུལ་གྱི་ས་ཁོངས་རང་བཞིན་གྱི་སློབ་གསོས་རང་འགུལ་ངང་འཚམ་པ་བྱས་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་པ། འགྲོ་ལམ་ལ་སྐུལ་འདེད་གཏོང་བ་སོགས་བོད་རིགས་ས་ཁུལ་གྱི་སློབ་གསོ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་གནད་དོན་རབ་དང་རིམ་པར་གྲོས་བསྡུར་དང་ཞིབ་འཇུག་གཏིང་ཟབ་བྱས་ཤིང་། དེ་དང་འབྲེལ་ཏེ་སྐད་གཉིས་སློབ་གསོའི་མ་ལག་འཛུགས་སྐྲུན་དང་། ཚད་ལྡན་དོ་དམ་སོགས་ཀྱི་ཐད་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་གྲོས་འགོ་བསམ་འཆར་རབ་དང་རིམ་པ་སྤེལ་ཞིང་། རྔ་པ་ཁུལ་གྱི་མི་རིགས་སློབ་གསོའི་སྐྱོན་བྲལ་མཆོང་བརྒལ་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་མཛུབ་ཁྲིད་ཀྱི་དོན་སྙིང་ལྡན་ཡོད།།