ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཐེངས་བཅུ་བདུན་པའི་ཚོགས་འདུ་ལ་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-15


  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་གི་བཅོས་བསྒྱུར་ཟབ་སྤེལ་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་འགོ་གཙོ་ཞི་ཅིན་ཕིང་གིས་སྤྱི་ཟླ་10་པའི་ཚེས་13ཉིན་གྱི་སྔ་དྲོར་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཐེངས་བཅུ་བདུན་པའི་ཚོགས་འདུ་ལ་གཙོ་སྐྱོང་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཀྲུང་དབྱང་གི་བཅོས་བསྒྱུར་ཐབས་ཇུས་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་ངེས་པར་དུ་ས་གནས་སོ་སོའི་ཁྱད་པར་ལ་རྟོག་ཞིབ་བྱེད་པར་སྐུལ་སློང་གཏང་དགོས། བཅོས་བསྒྱུར་གྱི་འོས་འགན་ཅི་ལྟར་ལྕི་ན་གཞི་རིམ་གྱི་རྟོག་ཞིབ་ལག་ལེན་ལ་དེ་ལྟར་མཐོང་ཆེན་བྱ་དགོས་པ་དང་གཞི་རིམ་གྱི་བཅོས་བསྒྱུར་གསར་གཏོད་དང་བློ་སྤོབས་ཆེན་པོས་འཚོལ་ཞིབ་བྱེད་པ་བཅོས་བསྒྱུར་གྱི་ཐབས་ཇུས་གལ་ཆེན་ཞིག་ཏུ་བརྩི་དགོས། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་འབད་པ་ཆེན་པོས་བཅོས་བསྒྱུར་ཐབས་བཅོས་དང་དངོས་ཡོད་ལག་ལེན་ཟུང་འབྲེལ་བྱེད་པའི་གནད་དོན་དང་ཁེ་ཕན་སྙོམས་སྒྲིག་ཁྲོད་ཀྱི་འགལ་རྐྱེན། བཅོས་བསྒྱུར་ལག་ལེན་གྱི་འགན་ཁུར་གནད་དོན་བཅས་ཐག་གཅོད་ལེགས་པོ་བྱ་དགོས། བཅོས་བསྒྱུར་ལག་བསྟར་ནན་མོ་བྱས་ཏེ་བཅོས་བསྒྱུར་གྱི་ལས་ཀ་འཕེལ་རྒྱས་ཀྱི་དགོས་མཁོ་དང་གཞི་རིམ་གྱི་དགོས་མཁོ། མི་དམངས་ཀྱི་ལངས་ཕྱོགས་དང་དམ་དུ་སྦྲེལ་ནས་མི་དམངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་བསྐྲུན་དགོས་ཞེས་བསྟན།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གི་བཅོས་བསྒྱུར་ཟབ་སྤེལ་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་འགོ་གཙོ་གཞོན་པ་ལི་ཁེ་ཆང་དང་ལིའུ་ཡོན་ཧྲན་གྲོས་ཚོགས་སུ་ཞུགས།

  གྲོས་ཚོགས་སྟེང་གྲོས་བསྡུར་བྱས་པར་བརྒྱུད་སྲིད་འཛིན་ཞུ་གཏུག་བྱ་བའི་ཤུགས་སྣོན་དང་སྐུལ་འདེད་སྐོར་གྱི་བསམ་འཆར།》《རྒྱལ་ཁབ་ཀྱི་ཁྲལ་དང་ས་གནས་ཁྲལ་གྱི་བསྡུ་ལེན་དོ་དམ་སྒྲིག་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐབས་ཇུས།》《རྒྱལ་དབང་ཁེ་ལས་ཀྱི་ཕན་ནུས་དབྱེ་མཚམས་དང་རིགས་དབྱེའི་མཛུབ་སྟོན་བསམ་འཆར།》《ཞིང་ལས་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་འཆར།》《འགལ་རྐྱེན་ཐག་གཅོད་བྱེད་ཐབས་སྣ་མང་གི་སྒྲིག་ལུགས་འཐུས་ཚང་དུ་གཏོང་བའི་སྒོར་གྱི་བསམ་འཆར།བཅས་ལ་གྲོས་འཆམ་བྱུང་།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1