ཞི་ཅིན་ཕིང་གིས་ཆེ་དའི་སྲིད་འཛིན་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-16


 

  སྤྱི་ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཆེ་དའི་སྲིད་འཛིན་ཏའེ་པི་ལ་མཇལ་འཕྲད་གནང་། 

  ཞི་ཅིན་ཕིང་གིས་ཏའེ་པི་ཀྲུང་གོར་ཕེབས་ཏེ་2015ལོའི་དབུལ་སེལ་དང་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་སུ་ཞུགས་པར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཆེ་ད་ནི་ཀྲུང་གོའི་ཧྥེ་གླིང་ས་ཁུལ་གྱི་མཉམ་ལས་མཛའ་ཟླ་གལ་ཆེ་ཤོས་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་ཆེའི་འབྲེལ་བར་མཐོང་ཆེན་བྱས་ཡོད་དེ། ངས་སྐུ་ཞབས་སྲིད་འཛིན་དང་ལྷན་དུ་འབད་པར་བརྒྱུད། རྒྱལ་ཁབ་གཉིས་ཀྱི་ལས་ཁོངས་སོ་སོའི་མཛའ་མཐུན་གྱི་མཉམ་ལས་འབྲེལ་བ་ཇེ་ཟབ་ཏུ་གཏང་ནས། ཀྲུང་ཆེའི་འབྲེལ་བ་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་སྐུལ་འདེད་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས། ཀྲུང་གོས་ཆེ་དའི་བཟོ་ལས་ཅན་དང་དེང་རབས་ཅན་དུ་འགྱུར་བའི་བརྒྱུད་རིམ་ཁྲོད་ཀྱི་བློ་གཏད་ཆོག་པའི་རོགས་ཟླ་བྱ་ཆོག།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1