ཧུར་ཐག་གིས་མ་དངུལ་གསོག་འཇོག་བྱས་ཏེ་དགོན་སྡེའི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-16


 
    2015 ལོར་དགོན་སྡེའི་སྤྱི་ཚོགས་ཅན་གྱི་དོ་དམ་ལམ་སྲོལ་འཛུགས་སྐྲུན་དང་སེམས་ཕྱོགས་གཅིག་མཐུན་གྱི་བྱེད་སྒོ་སོགས་དང་དཀར་མཛེས་ཁུལ་ཆུ་དོན་ཅུས་ཀྱིས་རང་འཁྲིའི་ལས་ཀ་དང་ཟུང་འབྲེལ་དམ་ཚགས་ཡོང་ཆེད། དཀར་མཛེས་ཁུལ་ཆུ་དོན་ཅུས་ཀྱིས་ཧུར་ཐག་གིས་རྒྱལ་ཁབ་ཆུ་བེད་པུའུ་དང་། ཞིང་ཆེན་ཆུ་བེད་ཐིང་གི་སྲིད་ཇུས། མ་དངུལ་རོགས་སྐྱོར་དངུལ་སྒོར་ཁྲི་1647.14འཆར་འགོད་ལས་གཞན་ད་དུང་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་འདུ་འགོད་བྱེད་པའི་མ་དངུལ་གྱིས་དགོན་པར་རོགས་རམ་བྱས་ཏེ་བདེ་འཇགས་འཐུང་ཆུ་འཛུགས་སྐྲུན་བྱས། ལས་གཞི་འཛུགས་སྐྲུན་བྱས་པ་ནས་བཟུང་། ཆུ་དོན་མ་ལག་རྒྱུན་ལྡན་གྱིས་དགོན་སྡེ་དང་འབྲེལ་བ་གཏོང་ཟབ་བྱས་ཏེ། འཐུང་ཆུའི་བདེ་འཇགས་ལས་གཞིའི་གལ་ཆེའི་དོན་སྙིང་ཁྱབ་བསྒྲགས་བྱས།  འཐུང་ཆུའི་བདེ་འཇགས་ལས་གཞིའི་སྲིད་ཇུས་ཁག་སོ་སོ་ངོ་སྤྲོད་ཞིབ་ཕྲ་གནང་ཞིང་། དགོན་སྡེའི་གྲྭ་བཙུན་རྣམས་ཀྱིས་འཐུང་ཆུའི་བདེ་འཇགས་ལས་གཞི་གསར་སྐྲུན་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་གྱི་ཀུན་སློང་འཕེལ་བར་བྱས། ལས་གྲྭ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་དུ། གྲྭ་བཙུན་དང་ཉེ་འཁོར་མང་ཚོགས་ཀྱི་རང་འགུལ་ངང་ངལ་རྩོལ་རོགས་རམ་དང། ཁེ་བཟང་ཐོབ་ཤོར་མེད་པར་བཟོ་ལས་ཀྱི་སྣང་ཚུལ་མིས་བཟོས་བཀག་འགོག་མེད་ཅིང་། བདེ་བླག་ངང བདེ་འཇགས་འཐུང་ཆུ་དང་། བདེ་འཇགས་འཛུགས་སྐྲུན། འཐུང་ཆུའི་བདེ་འཇགས་བཅས་ཀྱི་འཛུགས་སྐྲུན་གྱི་དམིགས་ཚད་མངོན་འགྱུར་བྱས། དགོན་པའི་གྲྭ་བཙུན་རྣམས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་ཆེ་རུ་གཏང་ཆེད། ཁྲིམས་སྐྱོང་གི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། སྤྱི་ཚོགས་འཆམ་མཐུན་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ལ་ཆུ་དོན་མ་ལག་གིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས། མིག་སྔར། སྒོར་ཁྲི་1647.14  གཏོང་འཇོག་བྱས་ཏེ་སེར་ཤུལ་དང་། གསེར་རྟ། ལི་ཐང་དང་འབའ་ཐང་བཅས་རྫོང་ཁག་4 ཡི་དགོན་སྡེ་47 གྱི་འཐུང་ཆུའི་བདེ་འཇགས་ལས་གཞི་བསྐྲུན་པ་དང་།  དགེ་འདུན་པ་8841ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1