ཞི་ཅིན་ཕིང་གིས་ཁམ་བྷོ་དི་ཡའི་སྤྱི་ཁྱབ་བློན་ཆེན་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-16


 

  སྤྱི་ཟླ་10པའི་ཚས་15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨེ་ཤ་ཡའི་དར་གོས་ཚོང་ལམ་གྱི་སྲིད་ཏང་ཆེད་དོན་གྲོས་ཚོགས་སུ་ཕེབས་པའི་ཁམ་བྷོ་དི་ཡའི་མི་དམངས་ཏང་གི་ཀྲུའུ་ཞི། སྲིད་གཞུང་གི་སྤྱི་ཁྱབ་བློན་ཆེན་ཧོན་སངས་དང་འཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ལོ་སྔོན་མར་སྤྱི་ཁྱབ་བློན་ཆེན་ཐེངས་གསུམ་ལ་ཀྲུང་གོར་འཚམས་འདྲིར་ཕེབས་ཤིང་། ཐེངས་འདིར་ཡང་ཨེ་ཤ་ཡའི་དར་གོས་ཚོང་ལམ་གྱི་སྲིད་ཏང་ཆེད་དོན་གྲོས་ཚོགས་སུ་ཞུགས་པ་རེད། འདི་ལས་ཁྱེད་ཀྱི་ཀྲུང་གོ་དང་ཁམ་བྷོ་དི་ཡའི་འབྲེལ་བར་ཚད་མཐོ་བའི་མཐོང་ཆེན་བྱེད་བཞིན་ཡོད་པ་མཚོན། ཉེ་དུས་རྒྱལ་པོ་ཞི་ཧུ་མོའོ་ནི་ཀྲུང་གོའི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་དྲན་གསོའི་བྱེད་སྒོར་ཞུགས་པར་མ་ཟད། ཁམ་བྷོ་དི་ཡའི་ཕྱོགས་ནས་ད་དུང་འཐུས་མི་རུ་ཁག་མངགས་ཏེ་དམག་གཟིགས་རུ་སྟོན་དུ་ཞུགས་པ་རེད། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱི་འབྲེལ་འདྲེས་ཀྱིས་ཤུགས་ཆེན་པོས་ཕྱོགས་གཉིས་ཀྱི་མཛའ་འབྲེལ་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་པ་རེད་ཅེས་བསྟན།

  ཧོང་སངས་ཀྱིས་ཁམ་བྷོ་དི་ཡ་དང་ཀྲུང་གོའི་ཕྱོགས་ཡོངས་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་ཕྱིན་པ་ཤིན་ཏུ་ལེགས། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གལ་ཆེའི་ལས་གཞི་ཁག་གི་ངོས་འཛིན་ཕན་ཕྱོད་ལྡན་པའི་སྒོ་ནས་ལག་བསྟར་བྱེད་བཞིན་ཡོད། དཔལ་འབྱོར་མཉམ་ལས་དང་དམངས་འཚོའི་ལས་གཞིར་གྲུབ་འབྲས་མངོན་གསལ་བླངས་ཏེ་ཁམ་བྷོ་དི་ཡའི་མི་དམངས་ཀྱི་དགའ་བསུ་ཐོབ་བཞིན་འདུག  ཀྲུང་གོས་དུས་ཡུན་རིང་པོའི་རིང་ཉེ་འགྲམ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རོགས་རམ་དང་སྣེ་ཁྲིད་བྱས་པ་རེད། ཁམ་བྷོ་དི་ཡ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཏོན་པའི་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིར་རྒྱབ་སྐྱོར་དང་ཟབ་ཞུགས་བྱ་ངེས། འདིས་ཁམ་བྷོ་དི་ཡའི་མི་དམངས་དང་ཉེ་འགྲམ་མི་དམངས་ཀྱི་རྒྱལ་ཁབ་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་པར་ཡིད་ཆེས་ཡོད་ཅེས་བསྟན།

  མཇལ་འཕྲད་མཇུག་རྫོགས་རྗེས། ཞི་ཅིན་ཕིང་དང་ཧོང་སངས་གཉིས་མཉམ་དུ་འབྲེལ་ཡོད་མཉམ་འབྲེལ་ཡིག་ཆར་མིང་རྟགས་འགོད་པའི་མཛད་སྒོར་ཞུགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1