ལི་ཁེ་ཆང་གིས་ཁ་རོ་ཤེ་ཡའི་སྲིད་འཛིན་ཅི་ཐཱ་ལོའོ་ཝེ་ཆི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-16


  སྤྱི་ཟླ་10པའི་ཚེས་15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཁ་རོ་ཤེ་ཡའི་སྲིད་འཛིན་ཐཱ་ལོའོ་ཝེ་ཆི་དང་མཇལ་འཕྲད་གནང་།

  ལི་ཁེ་ཆང་གིས་ཀྲུང་གོ་དང་ཁ་རོ་ཤེ་ཡ་གཉིས་ནི་སྲོལ་རྒྱུན་ལྡན་པའི་མཛའ་འབྲེལ་རྒྱལ་ཁབ་གཉིས་ཡིན། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁྱེད་གཉིས་ཀྱིས་གྲུབ་འབྲས་ཀྱི་ཕྱུག་པའི་གྲོས་མོལ་མཛད་པ་རེད། ཀྲུང་གོའི་ཕྱོགས་ནས་ཁ་རོ་ཤེ་ཡ་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་སྒོས་ཆབ་སྲིད་ཡིད་ཆེས་སྲ་བརྟན་དུ་གཏང་བ་དང་ཁྱབ་ཁོངས་སོ་སོའི་དངོས་དོན་མཉམ་ལས་འབྲེལ་བ་རྒྱ་བསྐྱེད་པར་སྐུལ་འདེད་དུ་གཏང་འདོད་ཅེས་བསྟན།  ད་ལོ་ནི་ཀྲུང་གོ་དང་ཡོ་རབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་འབྲེལ་བའི་ཆེས་འགངས་གནད་ཆེ་བའི་ལོ་ཞིག་རེད། མཉམ་ལས་འདིའི་རྒྱ་སྐྱེད་དང་འཕེལ་རྒྱས་ཀྱིས་ཀྲུང་གོ་དང་ཁ་རོ་ཤེ་ཡའི་མཉམ་འབྲེལ་འཕེལ་རྒྱས་ལ་སྟེགས་བུ་ལེགས་པོ་ཞིག་བསྐྲུན་ཡོད་ཞེས་བསྟན། 

  ཅི་ཐཱ་ལོའོ་ཝེ་ཆི་ཡིས་ཁ་རོ་ཤེ་ཡ་དང་ཀྲུང་གོའི་ཕྱོགས་ཡོངས་མཉམ་ལས་འབྲེལ་བ་བཙུགས་ནས་ལོ་ངོ་10འགོར་བའི་རིང་ལ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་འཕེལ་རྒྱས་སུ་སོང་བ་ཤིན་ཏུ་ལེགས། ཁ་རོ་ཤེ་ཡ་ཡིས་ཡོ་རབ་དབུས་ཤར་གྱི་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་འབྲེལ་བར་ཟབ་ཞུགས་དང་རྒྱལ་སྐྱོར་བྱེད་བཞིན་ཡོད། མུ་མཐུད་དུ་ཀྲང་གོའི་ཁེ་ལས་ཡོ་རབ་གླིང་དུ་རྒྱ་སྐྱེད་པའི་སྒོ་ཆེན་དང་ཀྲུང་གོའི་ཡོ་རབ་མནའ་འབྲེལ་ཁྲོད་ཀྱི་བློས་ཐུབ་ཀྱི་གྲོགས་པོ་བྱ་འདོད། ཁ་རོ་ཤེ་ཡའི་ཕྱོགས་ནས་ཀྲུང་གོའི་ཁེ་ལས་ཀྱིས་ཁ་རོ་ཤེ་ཡར་མ་དངུལ་འཇོག་ཚད་ཇེ་མཐོར་གཏང་བར་དགའ་བསུ་ཞུ་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1