རྒྱལ་ཡོངས་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་རིག་རྩལ་ལེ་ཚན་བརྗེ་རེས་ཚོགས་འདུ་ཐེངས་སོ་གཅིག་པ་དང་སྐབས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་གྱི་དཔྱད་སྡུར་ཚོགས་འདུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-19


      སྤྱི་ཚེས་19ཉིན། རྒྱལ་ཡོངས་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་རིག་རྩལ་བརྗེ་རེས་ཚོགས་འདུ་ཐེངས་སོ་གཅིག་པ་དང་སྐབས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་དཔྱད་སྡུར་ཚོགས་འདུ་དེ་ཁྲེན་ཏུའུ་གྲོང་ཁྱེར་ནས་འཚོགས་ཤིང་། ལྗོངས་ཞིང་ལྔ་ཡི་འཕྲིན་སྦྱོར་ལས་ཁུངས་30ལྷག་ཚོགས་འདུར་ཞུགས།

      ཚོགས་འདུ་འདིའི་བརྗོད་དོན་གཙོ་བོ་ནི་རྒྱལ་ཡོངས་བོད་སྐད་རྒྱང་བབསྒྲགས་བརྙན་འཕྲིན་གྱི་གསར་བརྩམས་ལེ་ཚན་སོ་སོའི་གྲུབ་འབྲས་འགྲེམ་སྟོན་བྱས་པར་བརྒྱུད། རྒྱལ་ཡོངས་བོད་ཁུལ་གྱི་རྒྱང་བསྒྲགས་བརྙན་འཕྲིན་ལས་ཁུངས་སོ་སོའི་ལེ་ཚན་སྒྲིག་བཟོ་དང་། ལེགས་བཅོས། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ཐད་བསམ་བློ་བརྗེ་རེས་བྱས་ཏེ། གོམ་གང་མདུན་སྤོས་སྒོས་ལྗོངས་ཞིང་ལྔའི་བོད་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ལས་རིགས་ཀྱི་སྤུས་ཚད་གོང་འཕེལ་དུ་གཏང་རྒྱུ་དང་། འདས་ཟིན་པའི་ལོ་ངོ་གཅིག་ལྷག་རིང་གི་བོད་ཁུལ་གྱི་རྒྱང་བསྒྲགས་དང་། བརྙན་འཕྲིན། དྲ་བ་སོགས་ཀྱི་འཕེལ་རྒྱས་ལ་སྤྱི་བསྡོམས་དང་སྐུལ་འདེད་བྱས་ནས། བོད་ཁུལ་གྱི་རྒྱང་བསྒྲགས་བརྙན་འཕྲིན་དྲ་བའི་ལས་རིགས་སྔར་ལས་ཡར་རྒྱས་གཏང་རྒྱུ་དེའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1