ཝང་ཏུང་མིང་གིས་སི་ཁྲོན་ཞིང་ཆེན་གྱི་སྐབས་ལྔ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་བ་དང་དེའི་མིང་འདོན་བྱ་དགའ་ཐོབ་མཁན་ལ་མཇལ་འཕྲད་གནང་།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-19
ཉེ་ཆར་འཚོགས་པའི་སྐབས་ལྔ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་བཞུགས་མོལ་ཚོགས་འདུ་དང་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག རང་རེའི་ཞིང་ཆེན་གྱི་ཡུས་མིང་དང་ཝུའུ་ཡུང་ཤིའུ་བློ་མཐུན་གཉིས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་ལ་བདམས་པ་དང་། བློ་མཐུན་ཆིན་ཁུན་སོགས་མི་8ལ་མིང་འདོན་བྱ་དགའ་ཐོབ། ཟླ་བ་10པའི་ཚེས་15ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཁྲེན་ཏུའུ་རུ་རང་རེ་ཞིང་ཆེན་གྱི་སྐབས་ལྔ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་བ་དང་དེའི་མིང་འདོན་བྱ་དགའ་ཐོབ་མཁན་ལ་མཇལ་འཕྲད་གནང་བ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དབྱིན་ལི་ལྷན་དུ་མཇལ་འཕྲད་གནང་།
ཝང་ཏུང་མིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚབ་ཞུས་ནས་བྱ་དགའ་ཐོབ་ནས་ཕྱིར་ལོག་བྱས་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་དང་དེའི་མིང་འདོན་བྱ་དགའ་ཐོབ་མཁན་གྱི་འཐུས་མི་དག་ལ་དགའ་བསུ་དང་རྟེན་འབྲེལ་ཞུས་པ་རེད། ཝང་ཏུང་མིང་གིས་གསུང་དོན། ཀུན་སྤྱོད་ཀྱི་མིག་དཔེ་ནི་ཀུན་སྤྱོད་ལག་ལེན་བྱེད་པའི་མིག་དཔེ་ཡིན། འདིར་བཞུགས་ལྷན་རྒྱས་ནས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དང་མིང་འདོན་བྱ་དགའ་ཐོབ་པ་རྣམས། ཁྱེད་རྣམ་པའི་མི་སྒེར་གྱི་བླ་ན་མེད་པའི་གཟི་བརྗིད་ཡིན་ལ་མི་ཁྲི་9000ཟིན་པའི་སི་ཁྲོན་མི་དམངས་ཀྱི་སྤོབས་པ་དང་གཟི་བརྗིད་ཡིན། ཉེ་བའི་ལོ་ཤས་རིང་། རང་རེའི་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་དེ་གལ་ཆེའི་གནས་བབ་ཐོག་བཞག་ནས་སྤྱི་ཚོགས་རིང་ལུགས་སྲོག་ཤིང་གི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་གང་ལེགས་བྱས་པ་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། སྲོལ་གསར་སྤྱོད་བཟང་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་ཏུ་སྔོན་ཐོན་དཔེ་བཟང་དང་ཆེས་ཡག་ཤོས་ཀྱི་མི་སྣ་འབོར་ཆེན་ཞིག་ཐོན་ཡོད། འདིར་བཞུགས་ལྷན་རྒྱས་ནི་དེའི་ཁྲོད་ཀྱི་ཕུལ་བྱུང་གི་འཐུས་མི་ཡིན། ཁྱོད་ཚོའི་མང་ཆེ་བ་ནི་གཞི་རིམ་དུ་ཡོད་ཀྱང་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མ་ཡིན་པའི་བྱས་རྗེས་བཞག་ནས། བྱས་རྗེས་ལ་མི་རྣམས་སེམས་འགུལ་ཐེབས་པ་དང་། ཁྱེད་ཚོའི་བླ་ན་མེད་པའི་གཤིས་རྒྱུད་དང་བླ་ན་མེད་པའི་སྙིང་སྟོབས་སྤྱི་ཚོགས་ཡོངས་ཀྱི་སློབ་སྦྱོང་བྱ་འོས་པ་ཞིག་རེད། མཇལ་འཕྲད་གནང་བའི་སྐབས་སུ། ཝང་ཏུང་མིང་གིས་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་རང་ཞིང་གི་སྐབས་ལྔ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོ་ལ་ཞུགས་པའི་གནས་ཚུལ་གྱི་སྙན་ཞུ་ལ་གསན་པ་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1