སྔོན་གྱི་དུས་ཚིགས་གསུམ་པོའི་ནང་དུ་སི་ཁྲོན་བོད་ཁུལ་དུ་དམངས་འཚོ་ལས་གཞིའི་འཆར་གཞི་ཆེན་པོ་དྲུག་བརྟན་པོའི་ངང་སྤེལ་ནས་དབུལ་པོའི་མི་གྲངས་ཁྲི་4.4ཉུང་དུ་བཏང་བ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-21
སྤྱི་ཟླ་10པའི་ཚེས་16ཉིན། ཞིང་ཆེན་ཏང་ཨུའི་བོད་ཁུལ་གཞུང་ལས་ཁང་དང་ཞིང་ཆེན་གྱི་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་གྱི་གཏམ་བཟང་ཡང་བསྐྱར་འབྱོར་བ་སྟེ། སྔོན་གྱི་དུས་ཚིགས་གསུམ་པོའི་ནང་བོད་ཁུལ་གྱི་དམངས་ཕན་འདུ་འགོད་འཆར་གཞི་ཆེན་པོ་དྲུག་བདེ་བླག་ངང་སྐུལ་སྤེལ་བཏང་བ་དང་། ཟླ་1པོ་ནས་ཟླ་9པའི་ནང་མ་དངུལ་སྒོར་དུང་ཕྱུར47.5བཏང་ཟིན་ལ། དེས་ལོ་འཁོར་གྱི་འཆར་གཞིའི་90.3%ཟིན་པ་རེད། དེའི་ཁྲོད་གྱི་ཁྱིམ་ཚང་13155ཡི་བོད་ ཁུལ་གྱི་སྡོད་ཁང་གསར་པ་འཛུགས་སྐྲུན་ལས་འགན་གྱི་ལས་འགོ་འཛུགས་ཚད་97.6%ལ་ཟིན་ཡོད། དུད་ཚང་5000ལྷག་གི་མང་ཚོགས་ཁང་པ་གསར་པའི་ནང་དུ་སྤོས་ཟིན། ཟླ་9པའི་ནང་། བོད་ཁུལ་གྱི་རྫོང་32སུ་གྲོང་སྡེའི་དབུལ་ཕོངས་མི་འབོར་ཁྲི་4.4ཇེ་ཉུང་དུ་སོང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་། དམངས་འཚོ། བརྟན་བརླིང་བཅས་ཀྱི་དོན་ཆེན་གསུམ་ལྷོད་གཡེང་མེད་པར་བཟུང་ཞིང་། ལམ་ལུགས་ཀྱི་བཀོད་སྒྲིག་དང་རྨང་གཞིའི་སྒྲིག་བཀོད་ཀྱི་འགག་སྒྲོལ་སྔར་བས་དོ་སྣང་བྱས་པར་བརྒྱུད་དེ་དམངས་འཚོའི་ལས་དོན་ཡག་པོ་བསྒྲུབས། རང་རེའི་ཞིང་ཆེན་གྱིས་2013ལོར་བོད་རིགས་ས་ཁུལ་གྱི་དམངས་ཕན་འདུ་འགོད་འཆར་གཞི་ ཆེན་པོ་དྲུག་ལག་བསྟར་ཐེངས་དང་པོ་སྤེལ་འགོ་བཙུགས་ཤིང་། དེའི་ནང་དུ་བོད་ཁུལ་གྱི་སྡོད་ཁང་གསར་པ་འཛུགས་སྐྲུན་དང་། སློབ་གསོ་འཕེལ་རྒྱས་གཏང་རྒྱུ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མཐོར་འདེགས་གཏང་རྒྱུ་དང་སྤྱི་ཚོགས་འགན་སྲུང་ལ་སྐུལ་འདེད། རིག་གནས་འཕེལ་རྒྱས་དང་དར་རྒྱས་ཡོང་བ། དབུལ་སྐྱོར་དཀའ་སྒྲོལ་བྱ་སྤྱོད་སོགས་ཁྱབ་ཁོངས་ཆེན་པོ་དྲུག་འདུས། སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་བར་ལོ་གསུམ་གྱི་རིམ་རྩིས་གྱི་མ་དངུལ་སྒོར་དུང་ཕྱུར་170མཁོ་འདོན་བྱས་པ་མངོན་འགྱུར་བྱུང་རྒྱུ་རེད།
ཐོན་ལས་གོང་འཕེལ་གྱིས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་ཡོང་བར་བྱས་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། རང་རེའི་ཞིང་ཆེན་གྱི་བོད་ཁུལ་གྲོང་སྡེའི་གྲོང་མིའི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ལོ་རེར་ཆ་སྙོམས་འཕར་ཚད་17.1%ཟིན་པ་དང་། ལོ་སྟོད་དུ། དཀར་མཛེས་ཁུལ་གྱི་གྲོང་སྡེའི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་འཕར་ཚད་དེ་སོ་སོར་ཞིང་ཆེན་ཡོངས་ཀྱི་ཨང་རིམ་གཉིས་ལ་སླེབས་ཡོད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1