ཞི་ཅིན་ཕིང་གིས་དབྱིན་ཇིའི་རྒྱལ་སྲས་ཝེས་མན་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-21



 ཞི་ཅིན་ཕིང་གིས་དབྱིན་ཇིའི་རྒྱལ་སྲས་ཝེས་མན་དང་མཇལ་འཕྲད་གནང་།


  སྤྱི་ཟླ་10པའི་ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱིན་ཇིའི་རྒྱལ་སྲས་ཝེས་མན་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ཁྱེད་ཉིད་ད་ལོའི་ཟླ་3པར་ཀྲུང་གོར་འཚམས་འདྲི་གནང་བར་ཧ་ཅང་ཕུན་སུམ་ཚོགས་པོ་བྱུང་ཡོད་ཅིང་། ད་ལོར་ཀྲུང་དབྱིན་གཉིས་ཀྱི་ཕྱོགས་ཡོངས་མཉམ་ལས་འབྲེལ་བ་བཙུགས་ནས་ལོ་བཅུ་གཉིས་པར་འགོ་བཟུང་བ་རེད། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་མི་སྣའི་འབྲེལ་འདྲེས་ཇེ་མང་དུ་གྱུར་ཞིང་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་མདུན་ལྗོངས་རྒྱ་ཆེན་པོ་ལྡན། ང་ཐེངས་འདིར་དབྱིན་ཇིར་འཚམས་འདྲི་ཡོང་བ་ནི་ཀྲུང་དབྱིན་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་གཉིས་ཀྱི་མཛའ་བརྩེ་ཇེ་ཟབ་དུ་འགྲོ་བའི་ཆེད་དུ་ཡིན། ཐེངས་འདིའི་འཚམས་འདྲི་ནི་མཛའ་བརྩེ་ཡི་འགྲུལ་བཞུད་ཅིག་དང་མཉམ་འབྲེལ་གྱི་འགྲུལ་བཞུད་ཅིག་རེད། གོ་སྐབས་འདི་དང་བསྟུན་ཏེ་ཀྲུང་དབྱིན་འབྲེལ་བར་ལེའུ་གསར་བ་ཞིག་འབྱེད་པའི་རེ་བ་ཡོད་ཅེས་བསྟན།


 ཞི་ཅིན་ཕིང་གིས་དབྱིན་ཇིའི་རྒྱལ་སྲས་ཝེས་མན་དང་མཇལ་འཕྲད་གནང་།


  ཞི་ཅིན་ཕིང་གིས་ཉེ་བའི་ལོ་འདི་གའི་རིང་ལ། ཀྲུང་གོས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་ཁྲིམས་མཐུན་མ་ཡིན་པའི་རི་སྐྱེས་སྲོག་ཆགས་ཀྱི་བརྗེ་ཚོང་ལ་རྡུང་རྡེག་བཏང་ཞིང་དེ་མཐུན་གྱི་གྲུབ་འབྲས་ཀྱང་མངོན་གསལ་བླངས། ཀྲུང་གོས་དབྱིན་ཇི་འདུ་པའི་འཛམ་གླིང་རྒྱལ་ཁབ་སོ་སོ་དང་ལྷན་དུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་སྲུང་སྐྱོབ་མཉམ་ལས་ལ་ཤུགས་སྣོན་བྱ་འདོད་ཡོད་ཅེས་བསྟན།

  རྒྱལ་སྲས་ཝེས་ལན་གྱིས་སྤྲོ་སྣང་དང་བཅས་ད་ལོའི་ཟླ་3པའི་ནང་གི་ཀྲུང་གོའི་འཚམས་འདྲི་ལ་ཕྱིར་དྲན་བྱས་ཤིང་། ཡང་བསྐྱར་ཀྲུའུ་ཞི་ཞི་ཅིན་ཕིང་དབྱིན་ཇིར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས། ཐེངས་འདིའི་འཚམས་འདྲིས་དབྱིན་ཀྲུང་གཉིས་ཀྱི་མཉམ་འབྲེལ་སྐུལ་འདེད་གཏང་བར་ཡིད་ཆེས་ཡོད་པའི་བསམ་ཚུལ་བསྟན། རྒྱལ་སྲས་ཝེས་ལན་གྱིས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཁྲིམས་མཐུན་མ་ཡིན་པའི་བ་སོའི་བརྗེ་ཚོང་ལ་ངོ་རྒོལ་བྱས་པར་གདེང་འཇོག་གནང་ཤིང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ཐད་ཀྱི་ཐབས་ཇུས་ལ་གཟེངས་བསྟོད་མཛད། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱེད་པའི་རྒྱལ་སྤྱིའི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་པར་མོས་འཐད་ཡོད་ཅེས་བསྟན།

  ཕྱོགས་གཉིས་ཀྱིས་ཀྲུང་དབྱིན་གྱི་རྐང་རྩེ་སྤོ་ལོའི་མཉམ་ལས་ཐད་ནས་བསམ་བློ་བརྗེ་རེས་གནང་ཞིང་། རྒྱལ་སྲས་ཝེས་ལན་གྱིས་ཀྲུང་གོའི་རྐང་རྩེ་སྤོ་ལོའི་ལས་ཀ་ལ་རྒྱལ་ཁ་ཐོབ་པར་སྨོན་འདུན་ཞུས།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1