ཞི་ཅིན་ཕིང་དང་སྐུ་ལྕམ་ཕེན་ལི་ཡོན་རྣམ་གཉིས་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པས་སྤེལ་པའི་དགོང་མོའི་གསོལ་སྟོན་ལ་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-21


  སྤྱི་ཟླ་10པའི་ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ལྕམ་ཕེང་ལི་ཡོན་རྣམ་གཉིས་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པས་སྤེལ་པའི་དགོང་མོའི་གསོལ་སྟོན་ལ་ཞུགས། 

  དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པ་དང་ཞི་ཅིན་ཕིང་གཉིས་ཀྱིས་ཕན་ཚུན་ལ་སྨོན་ཚིག་ཞུས་ཤིང་། ཀྲུང་དབྱིན་གཉིས་འབྲེལ་བ་འཕེལ་རྒྱས་སུ་སོང་བ་དེས་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་ཁེ་ཕན་ཆེན་པོ་བསྐྲུན་ཐུབ་པ་དང་། རྒྱལ་ཁབ་གཉིས་ཀྱིས་དབུ་ཁྲིད་གཉིས་ཀྱིས་ཀྲུང་དབྱིན་གྱི་ཕྱོགས་ཡོངས་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཤུགས་སྣོན་བྱ་པར་གཅིག་མཐུན་གྱི་ལྟ་ཚུལ་བྱུང་། 

  དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པས་སྨོན་འདུན་ཞུ་ཚིག་ལས། ད་ལོ་ནི་དབྱིན་ཀྲུང་འབྲེལ་བའི་ཆེས་དམིགས་བསལ་གྱི་ལོ་ཞིག་དང། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་འབྲེལ་ལ་སྔར་བྱུང་མ་མྱོང་བའི་ལོ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱིན་ཇིར་འཚམས་འདྲིར་ཕེབས་པ་ནི་ཆེས་གལ་ཆེན་གྱི་ལས་ཀ་ཞིག་རེད། འདིས་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་ཆུ་ཚད་མཐོན་པོ་ཞིག་ཏུ་འཕེལ་རྒྱས་འགྲོ་བར་ཕན་ནུས་གལ་ཆེན་འདོན་ངེས། དབྱིན་ཀྲུང་གི་འབྲེལ་བ་ནི་དངོས་དོན་གྱི་འཛམ་གླིང་འབྲེལ་བ་རེད། ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་འཁོར་70ལོན་པའི་ལོ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཛིན་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། དབྱིན་ཇི་དང་ཀྲུང་གོ་ནི་རྒྱལ་སྤྱིའི་མ་ལག་གི་འགན་སྲུང་པ་རེད། འགལ་བ་དང་དབུལ་ཕོངས། ནུས་ཁོངས་སྲུང་སྐྱོབ་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནད་དོན་ཐག་གཅོད་ཐད་ལ་འགན་ཁུར་དགོས་ཏེ་མཉམ་དུ་རྒྱལ་ཁབ་གཉིས་དང་འཛམ་གླིང་མི་དམངས་ཀྱི་བདེ་འཇགས་དང་འཕེལ་རྒྱས་ལ་མཛད་རྗེས་འཇོག་དགོས་ཞེས་བསྟན།

  ཞི་ཅིན་ཕིང་གིས་སྨོན་འདུན་ཞུ་ཚིག་ལས་ཀྲུང་གོ་དང་དབྱིན་ཇི་ནི་འཛམ་གླིང་ཤར་ནུབ་གཉིས་ཀྱི་དཔལ་ཡོན་ཆེས་ཆེར་དར་བའི་འཐུས་ཚབ་རྒྱལ་ཁབ་གཉིས་ཡིན། རྒྱལ་ཁབ་གཉིས་ཀྱི་བར་ཐག་རིང་ནའང་ཕན་ཚུན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཀྲུང་དབྱིན་གཉིས་ཀྱི་ཤེས་རིག་བརྗེ་རེས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་བཏང་པར་མ་ཟད། སྤྱི་ཚོགས་ཀྱི་གོང་འཕེལ་དང་མིའི་རིགས་ཀྱི་འཕེལ་རྒྱས་ལ་བླ་ན་མེད་པའི་མཛད་རྗེས་བཞག་པ་རེད་ཅེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1