བོད་ལྗོངས་ཀྱི་རི་གྲོང་གསུམ་ལ་2015ལོའི་ཀྲུང་གོའི་ཆེས་མཛེས་པའི་སྤྲོ་གསེང་རི་གྲོང་གི་མཚན་སྙན་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-21


 

           མཛེས་སྡུག་ལྡན་པའི་རི་གྲོང་འཛུགས་སྐྲུན་ལ་སྐུལ་འདེད་དང་། ཁྱད་འཕགས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་བྱེད་པ། ཞིང་པས་ལས་གཉེར་ཡོང་འཕར་ལ་སྐུལ་མ་དང་རྨོ་འདེབས་རིག་གནས་ལ་རྒྱུད་འཛིན། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་གྲོང་ཁྱེར་དང་གྲོང་གསེབ་གཅིག་འདུ་ཅན་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་ཆེད། 2015ལོའི་ཞིང་ལས་པུའུ་ཡིས་རྒྱལ་ཡོངས་ཁྱབ་ཁོངས་སུ་ཀྲུང་གོའི་ཆེས་མཛེས་པའི་སྤྲོ་གསེང་རི་གྲོང་གོ་འོས་སྦྱོར་བྱེད་སྒོ་སྤེལ། ཞིང་ལས་པུའུ་ཡི་བཀོད་འདོམས་ལྟར། བྱེད་སྒོར་མཚམས་སྦྱོར་དང་རྟོག་ཞིབ། དཔྱད་བསྡུར་སོགས་གོ་རིམ་བརྒྱུད། མཇུག་མཐར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གདོང་དཀར་གྲོང་རྡལ་བཟང་མོ་གྲོང་ཚོ་དེཁྱད་ཆོས་ལྡན་པའི་དམངས་སྲོལ་ཡུལ་ཚོ་རུ་བདམས་པ་དང་། གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕང་ར་གྲོང་རྡལ་དཔལ་འབྱོར་ལྷུན་པོ་གྲོང་ཚོ་དེང་རབས་ཀྱི་གྲོང་ཚོ་གསར་པར་བདམས་པ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་འབྲུག་ཆུ་སྟེང་གྲོང་ཚོ་ལོ་རྒྱུས་ཀྱི་གནའ་གྲོང་དུ་བདམས་ཐོན་བྱུང་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1